ངལ་རྩོལ་གྱིས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པ་དང་། འབད་འཐབ་ཀྱིས་དུས་རབས་ཀྱི་ལེའུ་གསར་པ་བཏོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ངལ་རྩོལ་གྱིས་བདེ་སྐྱིད་བསྐྲུན་པ་དང་། དངོས་སྒྲུབ་ཀྱིས་བྱ་གཞག་རླབས་ཆེན་འགྲུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་། ངེས་པར་དུ་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་པར་སྔར་ལས་བྱས་རྗེས་གསར་པ་འཇོག་པར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་སློང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག ངལ་རྩོལ་པ་མང་པོས་ཏན་ཏན་ཏིག་ཏིག་དང་། འབད་འབུངས་ཡར་བརྩོན། འབད་པས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། རྐང་རྗེས་རེ་རེ་ཡིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེ་བའི་འཆར་གཞི་དོན་དངོས་སུ་བསྒྱུར་བཞིན་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ནི་ལས་ལ་བརྩོན་པ་དང་གསར་གཏོད་ལ་མཁས་པའི་མི་རིགས་ཤིག་ཡིན་ལ།ངལ་རྩོལ་གསར་སྐྲུན་བྱས་པའི་རྐྱེན་གྱིས་ང་ཚོས་ལོ་རྒྱུས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ལ། ངལ་རྩོལ་གསར་སྐྲུན་བྱས་པའི་རྐྱེན་གྱིས་ད་ལྟའི་གཡུར་དུ་ཟ་བ་བའི་གྲུབ་འབྲས་འདི་བླངས་པ་ཡིན་ཞེས་བསྟན། ཁོང་གིས“ངལ་རྩོལ་ནི་བདེ་སྐྱིད་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན”པ་དང་། “ངལ་རྩོལ་ལ་མཆོག་དམན་གྱི་དབྱེ་བ་མེད་ན། ལས་རིགས་གང་ཞིག་ཡིན་རུང་གཟི་བརྗིད་ལྡན།”“ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་ནུས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས།” “ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ངལ་རྩོལ་ལ་བརྩི་འཇོག་དང་ཤེས་བྱར་བརྩི་འཇོག འཇོན་མིར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་ཏེ། མི་དམངས་ཡོངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་ངལ་རྩོལ་ལ་དུང་བ། གསར་གཏོད་རང་བཞིན་ལྡན་པའི་ངལ་རྩོལ་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པར་སྐུལ་སློང་བྱེད་དགོས་ཞེས་བསྟན། 

དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཡིན། པེ་ཅིང་མདུན་སྒོའི་མྱུར་སྐྱེལ་ས་ཚིགས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མྱུར་སྐྱེལ་ན་གཞོན་དེ་ནི“ལས་ལ་བརྩོན་པའི་སྦྲང་མ་ཆུང་ཆུང་ཞིག་དང་འདྲ་བ་མ་ཟད། ཆེས་ལས་ལ་བརྩོན་པའི་ངལ་རྩོལ་པ་རེད་ཞེས་བསྟོད་བསྔགས་གནང་། “ཚང་མས་དཀའ་ལས་མྱངས་སོང”ཞེས་པའི་སྐད་ཆ་དེས་ལས་རྣམ་གསར་པའི་ལས་གཉེར་བ་ཁྲི་སྟོང་མང་པོར་དྲོད་ཁོལ་བསྩལ།

མྱུར་སྐྱེལ་པ་ལིའུ་ཁུའུ་ཡིས་བཤད་རྒྱུར། ངས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་བའི་རྣམ་པ་དེ་ད་ལྟའི་བར་བརྗེད་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ཟུང་གཉིས་ཧ་ཅང་དྲོད་ཁོལ་ལྡན་པ་ཞིག་རེད། ལོ་འདི་དག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ནན་མོས་སྒྲོན་མེ་བཞིན་ང་ལ་ཁྲིད་སྟོན་གནང་སྟེ། མུ་མཐུད་དུ་ལས་ལ་བརྩོན་པའི་སྦྲང་མ་ཆུང་ཆུང་བཞིན་དཀའ་སྡུག་ལ་མི་སྐྲག་པ་དང་ངལ་དུབ་ལ་མི་སྐྲག་པར་སྲང་ལམ་གྲུ་བཞི་ནས་ངལ་རྩོལ་པའི་གཟི་བརྗིད་མངོན་པ་ཡིན་ཟེར། 

གཟི་བརྗིད་དང་བདེ་སྐྱིད་ནི་ངལ་རྩོལ་པར་དབང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བའི་སྐུལ་ལྕག་གིས་ངལ་རྩོལ་པ་མང་པོ་གཅིག་བསྡུས་སྒོས་འབད་པས་མདུན་དུ་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་པར་སྟོབས་ཤུགས་ཆེན་པོ་བསྩལ་ཡོད། “གནམ་དཔྱད་གཉིས་པའི”ཕུགས་འདུན་མངོན་འགྱུར་བྱས་པ་ནས་གློག་ཁབ་ལེན་གྱི་ལྡེམ་ཤུགས་རྣམ་པའི་མ་གྲུ་རྦ་རླབས་གཤགས་ཏེ་བསྐྱོད་པའི་བར་དང་། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གནམ་གྲུ་ཆེ་གྲསC919མཁའ་དབྱིངས་སུ་འཕུར་བསྐྱོད་བྱས་པ་ནསCR450སྒུལ་འཁོར་དུས་ཚོད་རེར་མྱུར་ཚད་སྤྱི་ལེ453ཐོག་ནས“ཀྲུང་གོའི་མྱུར་ཚད”གསར་གཏོད་བྱས་པའི་བར། ཞུང་ཨན་ཁུལ་གསར་ལ་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བ་ནས་ཕིན་ལུའུ་མིས་བཟོས་གཙང་བོ་རི་བོ་དང་རྒྱ་མཚོར་ཤར་གཏོང་བྱས་པའི་བར་སོགས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རེ་རེའི་རྒྱབ་ཏུ། ངལ་རྩོལ་པ་གྲངས་མེད་ཀྱི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། རྒྱལ་ཁབ་ཆེན་མོའི་བཟོ་སྐྲུན་གྱི་མཛད་རྗེས་རྡོ་རིང་གི་འོག འཛུགས་སྐྲུན་པ་ཚོས་མཐར་སོན་ལ་འགྲན་སློང་བྱེད་པ་དང་ཡང་རྩེར་འཛེགས་ཕོད་པའི་འབད་འཐབ་ཀྱི་ལེའུ་བྲིས།    “རྒྱལ་ཁབ་ཆེན་མོའི་ལག་ཤེས”ཞེས་པའི་ལོ་འཁོར་མི་སྣའི་ཀྲུང་ཁྲེ་སི་ཧྥང་མ་རྐང་ཀུང་སིའི་ལས་སྣོན་ལྟེ་གནས་ཀྱི་བཀོལ་སྤྱོད་ལས་མི་ཀོན་དབྱི་ཧུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་ཀྱི་སྙིང་སྟོབས་བཅས་ལ་བསྟོད་བསྔགས་ཐེངས་མང་གནང་སྟེ། རྒྱ་ཆེའི་ངལ་རྩོལ་པར་གསར་གཏོད་ཀྱི་ལས་ལ་འབད་པ་དང་འབད་འཐབ་བྱེད་ཕོད་པའི་སྐུལ་ལྕག་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་འོག མ་འོངས་བར་ང་ཚོས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། CR450སྒུལ་འཁོར་སྔ་མོ་ནས་གཉེར་སྐྱོང་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར། 

ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་བཟོ་སྐྲུན་ཅུའུ་དང་པོའི་སྡེ་ཚོགས་ཞ་ཅིན་ཟམ་ཆེན་རྣམ་གྲངས་ཀྱི་ཟམ་སྦྲེལ་བཟོ་བཀོད་པ་ཙུའོ་ཡིའུ་ཁྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡི་སྤྱི་ཚོགས་རིང་ལུགས་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཡིན་ཞེས་པའི་སྐད་ཆ་དེས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག མིག་སྔར། ཞ་ཅིན་ཟམ་ཆེན་བཟོ་སྐྲུན་གྱི་སྤྱིའི་མགྱོགས་ཚད50%ལས་བརྒལ་ཡོད་པ་དང་། ང་ཚོའི་འཛུགས་སྐྲུན་པ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ལོ་མཇུག་ཏུ་མཚོ་ཐོག་གི་གཙོ་གནད་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས་ཟེར། 

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པའི་སྟེང་། མི་རེ་རེ་མི་སྣ་གཙོ་བོ་ཡིན་པ་དང་། དཀའ་སྤྱད་ཡོད་ཚད་ལ་ཧ་ཅང་རིན་ཐང་ལྡན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་འགག་རྩའི་གནས་སུ་ལངས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་འཐབ་ལམ་གསར་པའི་སྟེང་བསྐྱོད་དེ། ངལ་རྩོལ་པ་མང་པོ་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པའི་ཐོག་ནས་མདུན་སྐྱོད་བྱེད་བཞིན་ཡོད་པ་མ་ཟད། རང་སོ་སོའི་ལས་གནས་སྟེང་དུས་རབས་གསར་པའི་འབད་འཐབ་ཀྱི་རྒྱུགས་ལན་འབྲི་བཞིན་ཡོད། 

ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་སྡེ་ཚོགས་ཀྱི་གླིང་དང་པོའི་ཚུའེ་ཧྲའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ངལ་རྩོལ་པར་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་པ་དང་། བདག་པོའི་ཉམས་འགྱུར་མངོན་པར་བྱེད་དགོས་པའི་སྐུལ་ལྕག་གནང་། ད་ལྟ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་བཟོས་ཟིན། ང་ཚོའི་ཡུལ་དངོས་དང་པོའི་འཇིག་རྟེན་འཕུར་སྐྱོད་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་དང་། ཡག་ཐོག་ཡག་བརྩེགས་ཀྱི་འགག་སྒྲོལ་སྙིང་སྟོབས་ལ་བརྟེན་ནས། རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འགན་སྒྲུབ་སྟོབས་ཤུགས་དངོས་མུ་མཐུད་སྦྱོང་བརྡར་བྱས་ནས། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་བསྐྲུན་ཆེད་སྔར་ལས་ཆེ་བའི་བྱས་རྗེས་འབུལ་དགོས་ཟེར། 

ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་རླུང་ཤུགས་གློག་རིག་ལྡན་བཟོ་གྲྭའི་བཟོ་སྐྲུན་པ།རིག་ནུས་བཟོ་སྐྲུན་ན་གཞོན་ལག་ཤེས་པ་དབྱང་ཧྥུའུ་ཡུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་སྒྲུབ་དངོས་སྒྲུབ་དང་། ལས་བཀུར་སྐྱེས་འབུལ་བྱེད་དགོས་པ་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལྟར། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་བཏོན་པའི“སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ”དེ་དམིགས་ཡུལ་དུ་བྱས་ཏེ། གྲངས་འཛིན་མཚེ་མ་དང་། དྲ་རབས་ལྔ་པའི་བཟོ་ལས་ཟོག་སྦྲེལ་དྲ་བའི་ལག་རྩལ་ལ་དམ་པོར་དམིགས་ནས། ང་ཚོའི་ཀྲུང་གོའི་འཁོར་རྟེན་གྱིས་ནུས་ཁུངས་གསར་པ་དང་ལྕགས་ལམ་འགྲིམ་འགྲུལ་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་སྔར་ལས་ལེགས་པོ་བྱེད་དགོས་ཟེར།

མཚོ་སྔོན་ཚྭ་འདམ་གཞོང་བ་ཚྭའི་ས་ཞིང་ལེགས་བཅོས་དང་གཟན་རྩྭ་འདེབས་གསོའི་འགག་རྩའི་ལག་རྩལ་སྡེ་ཚོགས་ལས་གཞིའི་ཁོངས་མི་ཧྥུའུ་ཡུན་ཅེ་ཡིས་བཤད་རྒྱུར། ཞིང་པ་གསར་པ་ཞིག་ཡིན་པའི་ཆ་ནས། ད་ལོ། ང་ཚོས་ཚྭ་ས་ཕྱོགས་བསྡུས་བཅོས་སྐྱོང་གི་ཐབས་ལམ་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ཏེ། ཚྭ་འདམ་གཞོང་སའི་བ་ཚྭ་དང་གྲམ་ཐང་སྔར་ལས་མང་བ་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་ས་ལེགས་པོ་རུ་འགྱུར་བར་བྱ་རྒྱུ་ཡིན་ལ། རྒྱུན་ཆད་མེད་པར་ལང་ཚོའི་ཉམས་འགྱུར་དང་། གསར་གཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕ་ཡུལ་དུ་རྐང་ཚུགས་པ་དང་རེ་བའི་ཞིང་སའི་ཐོག་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་རྩོམ་དགོས་ཟེར། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།