“ལྔ་གཅིག”གུང་གསེང་གི་ཉིན་གཉིས་པར་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཞིང་གོ་རིམ་ལྡན་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པ་ཟླ5པའི་ཚེས2ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། “ལྔ་གཅིག”གུང་གསེང་གི་ཉིན་གཉིས་པར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་མ་ལམ་གྱི་འགྲིམ་འགྲུལ་རྒྱུག་ཚད་གུང་གསེང་གི་ཉིན་དང་པོ་དང་བསྡུར་ན་ཅུང་ཆག་ཡོད་མོད། འོན་ཀྱང་སྔར་བཞིན་འཁོར་སྐྱོད་མཐོ་ཤོས་ཡིན་པ་རྒྱུན་འཁྱོངས་བྱས་ཡོད། ཡུལ་སྐོར་ལྗོངས་ཁུལ་སྐོར་ཞིག་གི་མཐའ་འཁོར་གྱི་བགྲོད་ལམ་འགྲིམ་འགྲུལ་བཞུད་ཚད་ཅུང་གཅིག་སྡུད་ཡིན་པ་དང་། གྲོང་ཁྱེར་ཆེ་འབྲིང་གི་མཐའ་འཁོར་དང་གཙོ་གནད་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ལམ་དུམ་ཁག་གཅིག་དང་དུས་མཚམས་ཁག་གཅིག་ཏུ་གྲལ་སྒྲིག་ནས་དལ་བགྲོད་བྱེད་བཞིན་ཡོད། དུས་ཚོད17བར་དུ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་སོ་སོ་དང་དེ་བཞིན་མྱུར་བགྲོད་གཞུང་ལམ་གཙོ་བོ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་མ་ལམ་གྱི་འགྲིམ་འགྲུལ་སྤྱིའི་ཆ་ནས་བདེ་འཇགས་དང་བདེ་བླག་ཡིན་པ་རེད།

རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་དུས་ཆེན་དང་གུང་གསེང་སྐབས་ཀྱི་ཕྱིར་སྐྱོད་ཆོས་ཉིད་དང་། གནམ་གཤིས་གནས་ཚུལ། ས་ཁོངས་ཀྱི་ཁྱད་ཆོས། བཞུད་ཚད་འགྱུར་ལྡོག་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁྲིམས་འཛིན་ཞིབ་བཤེར་དང་། སྒྲིག་ལམ་ཁྲིད་སྟོན། དྲིལ་བསྒྲགས་སློབ་གསོ། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ལས་དོན་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་ལས་འཛོལ་སྔོན་འགོག་དང་། བདེ་འཇགས་འགན་ལེན། ཤར་བགྲོད་འགན་སྲུང་བཅས་བྱས་ནས། མང་ཚོགས་གུང་གསེང་སྐབས་སུ་ཕྱིར་སྐྱོད་བྱེད་པར་བགྲོད་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཡག་པོ་བསྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བའི་གྲོགས་པོ་རྣམས་ལ། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ནས། ཕྱིར་སྐྱོད་དུས་ཚོད་དང་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ཆར་པ་བབས་པ་དང་རླུང་ཆེན་སོགས་དང་འཕྲད་ཚེ་ངེས་པར་དུ་གཟབ་གཟབ་ངང་རླངས་འཁོར་སྐོར་ནས། མྱུར་ཚད་ཇེ་དམའ་རུ་བཏང་སྟེ་བར་ཐག་ཚོད་འཛིན་བྱེད་པ་དང་། གཟབ་ནན་གྱི་སྒོ་ནས་རྗེས་སུ་འདེད་དགོས་པ་སོགས་དྲན་སྐུལ་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།