
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གུང་གཞོན་ཚོགས་པའི་ཀྲུང་དབྱང་གིས་ཟླ5པའི་ཚེས3ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2025ལོའི་ཟླ12པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཚོགས་མི་བསྡོམས་པས་ཁྲི7833.6ཡོད་པ་དང་། གུན་གཞོན་ཚོགས་པའི་རྩ་འཛུགས་ཁྲི515.0ཡོད་ཅིང་། དེ2024ལོའི་ལོ་མཇུག་དང་བསྡུར་ན་སོ་སོར་མི་ཁྲི301.8དང་མི་ཁྲི75.3དངོས་འཕར་བྱུང་ཡོད། 2025ལོར་ཁྱོན་བསྡོམས་ཚོགས་པའི་ཚོགས་མི་ཁྲི913.7འཕེལ་རྒྱས་སུ་བཏང་ཡོད།
དེའི་ནང་། གུང་གཞོན་ཚོགས་པའི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི0.3ཡོད་པ་དང་། གཞི་རིམ་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་ཁྲི19.9ཡོད། གུང་གཞོན་ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་ཁྲི13.9ཡོད་པ་དང་། གུང་གཞོན་ཚོགས་པའི་ཀྲི་པུའུ་ཁྲི480.9བཅས་ཡོད། སློབ་གྲྭའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི235.5ཡོད་པ་དང་། གུང་གཞོན་ཚོགས་པའི་ཚོགས་མི་ཁྲི4183.3ཡོད། ལས་ཁུངས་བྱ་ལས་སྡེ་ཚན་གྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི34.7ཡོད་པ་དང་། གུང་གཞོན་ཚོགས་པའི་ཚོགས་མི་ཁྲི379.8ཡོད། རྒྱལ་ཁབ་ལ་དབང་བ་དང་ཐུན་མོང་ཁེ་ལས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི27.1ཡོད་པ་དང་། ཚོགས་པའི་ཚོགས་མི་ཁྲི281.8ཡོད། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་། གྲོང་རྡལ། སྡེ་ཁུལ། སྲིད་འཛིན་གྲོང་ཚོ་བཅས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི95.4ཡོད་པ་དང་། ཚོགས་པའི་ཚོགས་མི་ཁྲི2391.7ཡོད། གསར་དར་ཁྱབ་ཁོངས་དང་ཁྱབ་ཁོངས་གཞན་དག་གི་གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི122.3ཡོད་པ་དང་། ཚོགས་པའི་ཚོགས་མི་ཁྲི597.0བཅས་ཡོད་པ་རེད། །