ཟླ4པའི་ཚེས27ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་མཛུབ་སྟོན་འོག ཀྲུང་གོ་རིག་གནས་སྨྱན་སྦྱོར་སྡེ་ཚོགས་དང་ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི2026ལོའི“རིག་གནས་ཡུལ་སྐོརIPདབང་བསྐུར་ཕྲེང་བསྟར་བྱེད་སྒོ”དེ་ཞང་ཀང་ཚོགས་འདུ་འགྲེམ་སྟོན་ལྟེ་གནས་སུ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཟུགས་འདས་རིག་གནས་ཤུལ་བཞག་གསར་གཏོད་ཁེ་ལས་དང་ཡུལ་སྐོར་ལས་དོན་ཁང8རྩ་འཛུགས་བྱས་ཏེ་ཁྱད་ལྡན་འགྲེམ་དངོས300ལྷག་ཁྱེར་ནས་འགྲེམ་ཚོགས་ལ་ཞུགས་པ་དང་། “རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”གྱི་སྐྱེ་ཁམས་རིག་གནས་རྨང་གཞི་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གསར་གཏོད་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།
ཡ་གླིང་གཞི་ཁྱོན་གྱི་སྔོན་ཐོན་དབང་སྟེར་ཉོ་ཚོང་རྒྱས་ཚོགས་ཤིག་ཡིན་པའི་ཆ་ནས། ཐེངས་འདིའི་བྱེད་སྒོ་ལས“IPཡིས་རིག་གནས་ཡུལ་སྐོར་ལ་ནུས་ཤུགས་སྩོལ་བ་དང་དབང་སྐུར་གྱིས་མ་འོངས་པར་སྦྲེལ་མཐུད་བྱེད”ཅེས་པ་སྲོག་ཤིང་དུ་བཟུང་བ་དང་ཞང་ཀང་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལེགས་ཆར་བརྟེན་ནས་རིག་གནས་ཡུལ་སྐོརIPལ་རྒྱལ་སྤྱིའི་སྤེལ་རེས་དང་ཚོང་ལས་མཉམ་ལས་ཀྱི་མུ་ཕྲེང་ཆ་ཚང་ཞིག་གི་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད་པ་རེད། མཚོ་སྔོན་གྱིས་ད་ཐེངས་རང་ས་གནས་ཀྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཁེ་ལས་དང་ཁྱད་ལྡནIPསྟར་སྒྲིག་ལེགས་འདེམས་བྱས་ནས་མཚོ་སྔོན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་གསོན་ཉམས་དང་། རིག་གནས་གསར་གཏོད། རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་གྲུབ་འབྲས་གསར་བ་གཅིག་བསྡུས་ཀྱིས་མངོན་པར་བྱས་ཏེ་རང་ས་གནས་ཀྱི་རིག་གནས་ཡུལ་སྐོརIPརྒྱལ་སྤྱིའི་ཁྲོམ་ར་དང་གཏིང་ཟབ་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་དང་རིག་གནས་རྒྱལ་ཁབ་ཕྱི་རུ་སྐྱོད་པར་ཐབས་ལམ་གསར་བ་སྐྲུན།
ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་མཚོ་སྔོན་གྱིIPསྟར་སྒྲིག་གི་ཁྱད་ཆོས་མངོན་གསལ་ཡིན་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་དང་དེང་རབས་ཀྱི་འཕེལ་ཕྱོགས་ཇུས་འགོད་གཉིས་མཉམ་འདྲེས་ཟབ་མོ་མངོན་འགྱུར་བྱས་ཡོད།