མཚོ་སྔོན་གྱིས་རྙིང་ཚབ་གསར་བརྗེ་རོང་འབྲོག་ཁུལ་གྱི་ཁ་གསབ་ཆེད་ཁུལ་བཙུགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

2026ལོའི་འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། མཐོ་སྒང་གི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཁ་གསབ་ལོངས་སུ་སྤྱོད་པའི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་སེལ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་དམངས་བདེ་དམངས་ཕན་དང་གནད་ལ་འཁེལ་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་དམིགས་ཏེ་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེ། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བའི་རོང་འབྲོག་ཁུལ་གྱི་ཁ་གསབ་ཆེད་དོན་ཁུལ་གསར་གཏོད་ཀྱིས་བཙུགས་ནས་རོང་འབྲོག་ཁུལ་གྱི་འཛད་སྤྱོད་ཚོང་རའི་གསོན་ཤུགས་རྒྱས་པར་བྱས།

རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཞིབ་བསྡུར་ནན་པོ་བྱས་ནས་ཁ་གསབ་ཀྱི་ཁྱབ་ཁོངས་དབྱེ་འབྱེད་གཏན་འཁེལ་དང་ཁ་གསབ་ཀྱི་ཚད་གཞི་ཁ་གསལ་བཟོས་ཏེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཐད་མཁོ་བའི་ཐོན་རྫས་ལ་དམིགས་ནས་ནུས་འབྲས་སམ་ཆུ་ནུས་ཀྱི་ཚད་གཞི་རིམ་པ་དང་པོའི་འཁྱགས་སྒམ་དང་། གོས་འཁྲུའི་འཕྲུལ་འཁོར། བརྙན་འཕྲིན། མཁའ་རླུང་སྙོམས་ཆས། གློག་ཀླད། ཆུ་སྲོ་ཆས་བཅས་ཀྱི་ཁྱིམ་སྤྱོད་གློག་ཆས་རིགས6དང་དེ་བཞིན་ཁེ་རྐྱང་རིན་གོང་སྒོར6000ལས་མི་བརྒལ་བའི་ལག་ཐོགས་ཁ་པར་དང་། ངོས་ལེབ། རིག་ནུས་ལག་འདོགས་ཆུ་ཚོད། རིག་ནུས་མིག་ཤེལ་བཅས་གྲངས་འཛིན་དང་རིག་ནུས་ཐོན་རྫས་རིགས4ཚང་མ་ཆེད་དོན་ཁུལ་གྱི་ཁ་གསབ་ཁྱབ་ཁོངས་སུ་བཅུག ཐོན་རྫས་ཀྱི་ལྷུ་ཚིགས་ཁག་གི་གཟིགས་སྐྱོང་འཐེན་རྗེས་ཀྱི་མཐའ་མའི་ཕྱིར་ཚོང་རིན་གོང་གི15%གཞིར་བཟུང་ཁ་གསབ་སྤྲོད་དགོས་པའི་ནང་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་རེ་རེར་ཁ་གསབ་མཐོ་ཤོས་སྒོར1500དང་། གྲངས་འཛིན་དང་རིག་ནུས་ཐོན་རྫས་རེ་རེར་ཁ་གསབ་མཐོ་ཤོས་སྒོར500སྤྲོད་དགོས་པ། མི་རེར་ཐོན་རྫས་རིགས་རེར་ཁ་གསབ་རེ་སྤྲོད་དགོས་པ་བཅས་ཀྱི་ཐོག་ནས་གཅིག་གྱུར་ཁ་གསལ་གྱི་ཚད་གཞིའི་ཐོག་ནས་སྲིད་ཇུས་དྲང་གཞག་ངང་དོན་འཁྱོལ་བྱས།

མཐོ་སྒང་གི་རོང་འབྲོག་ཁུལ་གྱི་ས་ཁོངས་ཁྱད་ཆོས་ལ་གཞི་ཚུགས་ནས་དྲ་ཐོག་དང་ཡུལ་དངོས་ཕན་ཚུན་ཁ་གསབ་བྱེད་པའི་ཁ་གསབ་རེ་ཞུ་ཐབས་ལམ་བཏོད་དེ། ཕྱོགས་ཡོངས་ནས་སྲིད་ཇུས་ཀྱི་ཁྱབ་འཐུས་རང་བཞིན་ཆེ་རུ་བཏང་། དྲ་ཐོག་ཏུ་ཞིང་ཆེན་དེ་ཡོངས་ཀྱི་རོང་འབྲོག་ཁུལ་དང་རྫོང་ཁོངས41ཏུ་ཁག་དང་པོར་ཞབས་ཞུའི་ནུས་པ་ཆེ་བ་དང་ཕྱིར་ཚོང་དྲ་རྒྱ་ཆེ་བའི་ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཕྱིར་ཚོང་ཚོང་ཁང100བདམས་ནས་ཆེད་དོན་ཁུལ་གྱི་དོ་དམ་ནང་བཅུག་སྟེ་མང་ཚོགས་ཚོང་ཁང་དུ་བསྐྱོད་སྐབས་ཨང་རྟགས་བཤར་ནས་ཁ་གསབ་ཐད་ཀར་ལོངས་སུ་སྤྱོད་ཐུབ་པ་དང་། ཡུལ་དངོས་ནས“སྤྲིན་འཁྱུག་སྤྲོདApp”ལ་བརྟེན་ནས་རོང་འབྲོག་ཁུལ་གྱི་རྙིང་ཚབརྗེ་གསབ་དངུལ་ཆེད་གཏོགས་རེ་ཞུ་ལེན་པའི་སྒོ་མོ་བཏོད་དེ་རོང་འབྲོག་ཁུལ་གྱི་མང་ཚོགས་ལ་དྲ་ཐོག་སྟབས་བདེའི་ཁ་གསབ་རེ་ཞུ་ལེན་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དེ་སྔའི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི“དངུལ་འཛིན་འཕྲོག་དཀའ་བའི”གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཡོད།

རོང་འབྲོག་ཁུལ་གྱི་མི་འབོར་བཟུང་བའི་བསྡུར་ཚད་དང་དོན་དངོས་ཀྱི་འཛད་སྤྱོད་དགོས་མཁོ་དང་ཟུང་འབྲེལ་གྱིས་ཁ་གསབ་མ་དངུལ་གྱི་བགོ་བྱའི་བཅད་འབོར་ལམ་སྲོལ་གསར་གཏོད་ལག་བསྟར་བྱེད་པ་དང་གྲོང་ཁྱེར་གྱི་ཁ་གསབ་དངུལ་འཛིན་དང་བགོ་བྱའི་བཅད་འབོར་སྤྲོད་རྒྱུ་ལག་བསྟར་བྱས་ཏེ་རོང་འབྲོག་ཁུལ་གྱི་མང་ཚོགས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་ནང་སྟབས་བདེའི་ངང་ཞུགས་པར་འགན་ལེན་བྱས།

མང་ཚོགས་དང་རྒན་རྒོན་ཁག་གཅིག་གིས་དངུལ་འཛིན་ལེན་པ་དང་། དངུལ་འཛིན་ཞིབ་བཤེར་བྱེད་པ། ཞིབ་བཤེར་རྩིས་སུབ་བཅས་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་མེད་པ་དང་རིག་ནུས་ལག་ཐོགས་ཁ་པར་བཀོལ་སྤྱོད་བྱེད་མི་ཤེས་པ་སོགས་ཀྱི་གནད་དོན་དངོས་ལ་དོ་སྣང་ཆེན་པོ་བྱས་ཏེ་སྟབས་བདེ་ཅན་གྱི་བརྒྱུད་རིམ་མཛུབ་ཁྲིད་བཟོས་པ་བརྒྱུད་ཕལ་སྐད་དང་། བརྒྱུད་རིམ་རི་མོ། དྲི་བ་རེར་ལན་རེ་འདེབས་པ་བཅས་ཀྱི་རྣམ་པས་སྲིད་ཇུས་འགྲེལ་བཤད་བྱས་ཏེ། ཆེད་ལས་ཀྱི་ཐ་སྙད་ལས་གཡོལ་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་རྩིས་རྒྱག་ཐུབ་པ་བྱས།  །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།