གཅན་ཚ་རྫོང་གཅན་ཚ་ཐང་ཞང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཁོར་སྐྱོད་གནས་ཚུལ་གྱི་མཉམ་འབྲེལ་བརྟག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

རིམ་པ་གསུམ་གྱི་མཉམ་འབྲེལ་ཟབ་སྤེལ་བྱས་ནས། གནས་ཚུལ་གསལ་རྟོགས་ཀྱིས་ལམ་ཁ་གསར་པ་བཙལ།

གཅན་ཚ་རྫོང་གཅན་ཚ་ཐང་ཞང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཁོར་སྐྱོད་གནས་ཚུལ་གྱི་མཉམ་འབྲེལ་བརྟག་ཞིབ་བྱས། 

གཅན་ཚ་རྫོང་ཏང་ཨུའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་གིས་སྡེ་སྦྲེལ་མགོ་ཁྲིད་དང་། སྡེ་སྡོད་བྱ་བའི་རུ་ཁག  གསར་དུ་བསྐོས་པའི་སྡེ་བའིཨུ་ཡོན་ལྷན་ཁང་གཉིསཀྱི་མགོ་ཁྲིད་ཚན་ཆུང་བཅས་ཀྱི་རིམ་པ་གསུམ་གྱི་གཞི་རིམ་དུ་སྐྱོད་པའི་བརྟག་ཞིབ་འགུལ་སྐྱོད་རྩ་འཛུགས་བྱས་ཤིང་། ཞང་ཏང་ཨུས་གཅིག་གྱུར་བཀོད་འདོམས་བྱས་པ་བརྒྱུད་ནས། སྡེ་སྦྲེལ་མགོ་ཁྲིད་ཀྱིས་སྤྱི་ཁྱབ་ནས་སྣེ་ཁྲིད་པ་དང་། སྡེ་སྡོད་བྱ་བའི་རུ་ཁག་གོ་རིམ་ཡོངས་ལ་རྗེས་སུ་འབྲངས་པ། གསར་དུ་བསྐོས་པའི་སྡེ་བའིཨུ་ཡོན་ལྷན་ཁང་གཉིསཀྱི་མགོ་ཁྲིད་ཚན་ཆུང་ཟབ་ཞུགས་བྱས་ཏེ། ཉེ་བཅར་འདྲི་རྟོག་དང་། གྲལ་བཤེར་བརྟག་ཞིབ། ཞིབ་འཇུག་བརྡར་གཅོད། བློ་འདོན་གྲོས་འབུལབཅས་གཞི་གཅིག་ཡིན་པའི་བྱ་བའི་ངང་ཚུལ་གྲུབ་པར་བྱས་ཤིང་། དོན་དམ་པར་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་ཀྱི་གནས་ཚུལ་ངོ་མ་གསལ་རྟོགས་བྱས་ནས། སྡེ་བ་སོ་སོའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་བཙལ་ནས་ཐབས་ཤེས་ལེགས་པོ་བཏོན། 

བྱ་བའི་རུ་ཁག་གིས་ཉིན3གྱི་དུས་ཚོད་སྤྱད་དེ། ཞང་ཡོངས་ཀྱི་སྲིད་འཛིན་སྡེ་བ8དུ་སོང་ནས། ཡུལ་དངོས་ལ་ལྟ་བ་དང་། ཚོང་གཉེར་གནས་ཚུལ་ལ་ཉན་པ། རྩིས་ཐོར་ཞིབ་བཤེར་བྱེད་པ། དམངས་ཀྱི་འདོད་བློ་འདྲི་བབཅས་ཀྱི་བྱ་བའི་བྱེད་ཐབས་སྤྱད་དེ། འོད་ཧྥུ་གློག་འདོན་ས་ཚིགས་དང་། སྐྱེ་ཁམས་གསོ་སྤེལ་མཉམ་ལས་ཁང་། ལས་སྣོན་བཟོ་གྲྭ་ཆུང་ངུ་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་གཉེར་ཡུལ་དུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། སྒྲིག་ཆས་འཁོར་སྐྱོད་དང་ཐོན་སྐྱེད་གཞི་ཁྱོན། ཐོན་རྫས་གསོག་ཉར་སོགས་ཀྱི་གནས་ཚུལ་རེ་རེ་བཞིན་དུ་བརྟག་ཞིབ་བྱས་ཤིང་། ཉིན་རྒྱུན་གྱི་ཚོང་གཉེར་མ་དཔེ་དང་། ལས་ཀའི་གྲུབ་ཚུལ། མ་རྩའི་ཁེ་སྤོགས། མིག་སྔའི་དཀའ་ངལ་སོགས་ཀྱི་གནས་ཚུལ་མཉན་པ་དང་། རྩིས་གཉེར་རྩིས་ཐོ་དང་མ་རྩ་ཐོ་འགོད། ཕྱིར་གླའི་གན་རྒྱ། ཁེ་སྤོགས་བགོ་བཤའི་ཟིན་ཐོ་སོགས་ཀྱི་ཡིག་ཚགས་ལ་ལྟ་བ། ཁྱིམ་ཚང་དུ་སོང་ནས་ཏང་ཡོན་རྒན་པ་དང་། དབུལ་ཐར་ཁྱིམ་ཚང་། ཕྱུག་སྒྱུར་སྣེ་ཁྲིད་པ་སོགས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བདེན་ཐུབ་ཀྱི་དཔྱད་འཇོག་དང་བསམ་ཚུལ་གྲོས་འཆར་ལ་མཉན་པ། སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་ཚོང་གཉེར་གནས་ཚུལ་ཐད་ཀུན་ལ་ཁྱབ་པའི་བརྟག་དཔྱད་ཐེངས་ཤིག་བྱས། 

གཞི་རིམ་དུ་སོང་ནས་གནས་ཚུལ་གསལ་རྟོགས་བྱས་པའི་རྨང་གཞིའི་སྟེང་། སྡེ་བ་སོ་སོའི་རིམ་པ་གསུམ་གྱི་མཉམ་འབྲེལ་བརྟག་དཔྱད་བཞུགས་མོལ་ཚོགས་འདུ་དང་ཞང་མགོ་ཁྲིད་ཚན་ཆུང་གི་གྲོས་བསྡུར་ཚོགས་འདུ་བསྡུས་ཤིང་། ཐོན་ལས་འཁོར་སྐྱོད་གནས་ཚུལ་དང་དེང་ཕྱིན་གྱི་ཚོང་གཉེར་བྱེད་ཐབས་ཀྱི་གཙོ་གནད་གཉིས་དམིགས་སུ་བཟུང་ནས་དཔྱད་ཞིབ་ཟབ་མོ་བྱས་ལ། དོ་དམ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ། རིམ་པ་གོང་མའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་སོགས་ཀྱི་ཐད་ནས་ལེགས་བཅོས་ཐབས་ཤེས་དང་བྱེད་ཕྱོགས་བཏོན་པ་དང་། སྡེ་བ་རེ་རེས་དོན་ཚན་རེ་རེ་བཞིན་རྩིས་ཐོ་དང་བྱ་བའི་སྙན་ཞུ་འགྲུབ་པར་བྱས་ནས། སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་སྐྱོན་བྲལ་ཚོང་གཉེར་དང་ཡར་རྒྱས་གོང་འཕེལ་འགྲོ་བར་རིགས་ལམ་དང་ཁ་ཕྱོགས་གསལ་སྟོན་བྱས།

ཐེངས་རྗེས་མར། གཅན་ཚ་ཐང་ཞང་གིས་ཐེངས་འདིའི་མཉམ་འབྲེལ་བརྟག་ཞིབ་དེ་མགོ་རྩོམ་ས་རུ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རིམ་དག་རིགས་དགར་གྱི་སྒོ་ནས་དག་ཐེར་བཅོས་སྐྱོང་དངོས་འབེབས་ནན་འཛིན་བྱེད་པ། སྡེ་བ་རེ་རེས་དོན་ཚན་རེ་རེ་བཞིན་དུ་དག་ཐེར་བྱེད་ཐབས་དང་དུས་བཀག་ཁ་གསལ་བཟོ་བ། ནུས་ཤུགས་ཡོད་རྒུས་ལས་དོན་གྱི་སྙོམ་སྒྲིག་ནང་རྐྱེན་ལེགས་སྒྱུར་བཅས་བྱས་ནས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དེ་ཡོད་པ་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་ལ་མུ་མཐུད་དུ་སྒུལ་ཤུགས་སྩོལ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།