མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་བསྐྱེད་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་བསྡུར་ཚད་མཐོར་འདེགས་གཏོང་བ། དམངས་ཁྲོད་ཀྱི་དངུལ་གཏོང་སྒུལ་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད། ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཁྲོད་ཀྱི་དངུལ་གཏོང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་འགྲེམ་སྤེལ་བྱས་པ་དང་། དམིགས་ཡུལ་ནི་དམངས་ཁྲོད་ཀྱི་དངུལ་གཏོང་དེ་ཟབ་ཞུགས་ལ་སྐུལ་སློང་བྱེད་པ་ནས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ལ་ཚུལ་སྒྱུར་བྱེད་ཆེད་རེད། བྱེད་ཐབས་འགའ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱེ་བྲག་གི་བྱེད་ཐབས་བཅོ་བརྒྱད་བཏོན།
དངུལ་གཏོང་མི་བྱེད་པའི་བཀག་རྒྱ་སེལ་བ་དང་། དམངས་ཁྲོད་ཀྱི་མ་རྩའི་ཁྲོམ་རའི་ཞུགས་འཐུས་ཀྱི་མངོན་མེད་འགག་སྒོ་མེད་པར་བཏང་ཞིང་། ལུགས་དང་མི་མཐུན་པའི་ཚད་བཀག་མེད་པར་བཏང་བ་དང་། ཁྲོམ་རའི་ཞུགས་འཐུས་ཀྱི་ཆ་རྐྱེན་ཇེ་མང་དུ་བཏང་ལ། དམངས་ཁྲོད་ཀྱི་མ་རྩ་ལས་གཞི་གལ་ཆེན་གྱི་དངུལ་གཏོང་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་ཁྲོད་ཞུགས་པར་སྐུལ་འདེད་བཏང་བ་དང་། གཙོ་གནད་འཛུགས་སྐྲུན་ཁྱབ་ཁོངས་ཞིབ་ཕྲར་བཏང་ཞིང་། དམངས་གཉེར་ཁེ་ལས་ཀྱི་རྐང་འཛིན་བསྡུར་ཚད་ཇེ་མཐོར་བཏང་ལ། སྲིད་གཞུང་གི་ཉོ་བསྡུ་དེ་དམངས་གཉེར་ཁེ་ལས་སུ་ཕྱོགས་པར་རྒྱབ་སྐྱོར་བྱས་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དེ། དངུལ་གཏོང་གི་ཟིན་ཚད་སྔར་ལས་ཇེ་མཐོར་བཏང་། མ་དངུལ་གཏོང་མི་འདོད་པའི་བསམ་ཚུལ་མེད་པར་བཏང་བ་དང་། དམངས་གཉེར་ཁེ་ལས་ཀྱི་དངུལ་གཏོང་བསམ་འདུན་དྲག་པོ་ཡིན་ལ་བརྩོན་སེམས་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚན་རྩལ་གྱིས་སྟོབས་ནུས་སྦྱིན་པར་ཤུགས་བསྣན་པ་དང་། ཚན་ཞིབ་གསར་གཏོད་ནུས་པ་མཐོར་འདེགས་བཏང་ལ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ཞིང་། ཐོན་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་གཞོགས་འདེགས་བྱས་པ་དང་། སྲིད་གཞུང་གི་དངུལ་གཏོང་དང་དངུལ་རྩའི་ཡིད་རྟོན་དངུལ་བུན། མ་རྩ་ཁྲོམ་རའི་མཐུན་སྦྱོར་ཤུགས་འདོན་བཅས་ལ་གཅིག་འདོམས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་པ་དང་། དངུལ་གཏོང་གི་སྒུལ་ཤུགས་ཆེ་རུ་བཏང་། མ་དངུལ་གཏོང་མི་ཕོད་པའི་སེམས་ཁུར་གནད་དོན་ཐག་གཅོད་བྱས་པ་དང་། དམངས་ཁྲོད་མ་རྩའི་ཡིད་ཆེས་ཆེན་པོ་མེད་པ་དང་ཉེན་ཁ་སྔོན་དཔག་གི་ཚད་ཞན་པར་དམིགས་ནས། གློད་སྡོམ་ཞབས་གསུམ་དང་། དམིགས་འགུག་དམིགས་འཇུག རིན་གོང་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་བསྟུད་མར་སྐུལ་འདེད་བཏང་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཤིང་། འདྲ་མཉམ་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་པ་དང་། ནུས་མཐོ་སྟབས་བདེའི་ཞབས་ཞུའི་སྟེགས་བུ་བསྐྲུན་ལ། ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ། འཕེལ་རྒྱས་ཀྱི་སྔོ་དཔག་བརྟན་པོ་ཡོང་བར་བྱས་པ་དང་། དངུལ་གཏོང་གི་ཡིད་ཆེས་མཐོ་རུ་བཏང་།
མཚོ་སྔོན་ཞིང་ཆེན་གྱིས་དམངས་ཁྲོད་ཀྱི་དངུལ་གཏོང་ཞབས་ཞུའི་མཛུབ་སྟོན་དང་ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ་དང་། ལས་གཞི་རྒྱུན་རྣམ་ཅན་གྱི་འོས་སྦྱོར་དང་མཐུན་སྦྱོར་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྔོན་དཔག་བརྟན་པོ་དང་ཡིད་ཆེས་ཆེར་སྐྱེད། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་དངུལ་གཏོང་ཁོར་ཡུག་དང་སྒྲིག་གཞི་ཇེ་ལེགས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྟུད་མར་བཟང་ཕྱོགས་སུ་འཕེལ་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།