གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱས་ནས་ན་གཞོན་པའི་སྡེ་ལ་སྒུལ་ཤུགས་བསྩལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས26ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལག་ལེན་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙོ་ཐིག་གཅིག་དང་མ་ལག་ཆེན་པོ་གསུམ། རྩ་གསུམ་འདེགས་སྐྱོར་གཞི་རྩར་བྱས་པའི1+3+3+N བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱས་ནས་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་ན་གཞོན་གྱི་སྟོབས་ཤུགས་བསྣན།

གཙོ་ཐིག་གཅིག་གིས་ཁ་ཕྱོགས་གཏན་ཁེལ་བྱས། ན་གཞོན་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྣེ་ཁྲིད་དང་རོགས་འདེགས་བྱ་བའི་འབྲེལ་ཡོད་ལག་བསྟར་བསམ་འཆར་བཏོན་ནས་སྤྱིའི་འཆར་འགོད་དང་ཆེད་དོན་བསམ་འཆར། ལོ་ཧྲིལ་བོའི་དམིགས་བྱ་བཅས་ཀྱི་རིམ་བགྲོད་རྣམ་པའི་ཁྲིད་སྟོན་ཡོད་པར་བྱས་ནས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་གི་རི་མོ་འབྲི་བར་ལང་ཚོའི་སྟོབས་ཤུགས་འབུལ་དགོས། མ་ལག་ཆེན་པོ་གསུམ་གྱིས་གདུབ་ཟུམ་གྲུབ་པར་བྱས། སྐྱེ་ཁམས་འདུ་ཤེས་དང་དང་བླངས་ཞབས་ཞུ། སྐྱེ་ཁམས་དཔལ་ཡོན་བཅས་མ་ལག་ཆེན་པོ་གསུམ་ལ་བརྟེན་ནས་མི་གསོ་སྐྱོང་གི་གདུབ་ཟུམ་འཐུས་ཚང་གྲུབ་པར་བྱས་ལ། དེའི་ཁྲོད་དྲ་ལམ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་སྒྲིག་སློབ་ཁྲིད་དང་སྐྱེ་ཁམས་ཁོར་སྲུང་གི་སློབ་ཁྲིད་གསར་འཛུགས་བྱེད་པ། དངོས་ཡོད་ལྗང་མདོག་སློབ་གྲྭ་དང་རང་བྱུང་སློབ་གསོའི་རྟེན་གཞི56བཅས་བསྐྲུན། ན་གཞོན་དང་བླངས་པ་ཉིས་ཁྲི་རྩ་འཛུགས་བྱས་ནས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་དྲིལ་སྒྲོག་སོགས་ཀྱི་ཞབས་ཞུ་བྱས་པ་དང་། སྐྱེ་ཁམས་ཞིབ་འཇུག་དང་ཚན་ཞིབ་བྱ་འགུལ་ཐེངས་བརྒྱ་ལས་བརྒལ་བ་སྤེལ་བ་དང་མི་ཐེངས4000ལས་བརྒལ།

རྩ་གསུམ་འདེགས་སྐྱོར་གྱིས་སྟོབས་ཤུགས་བསྩལ། རུ་ཁག་དང་ཟོང་རྟགས། ལས་གཞི་བཅས་འདེགས་སྐྱོར་བྱས་ནས་རིམ་པ་སོ་སོའི་ན་གཞོན་དང་བླངས་རུ་ཁག345བཙུགས་པ་དང་། རྫོང45ཡི་དང་གྲོང་རྡལ200ལ་ཁྱབ་ཅིང་། དང་བླངས་པ4800ལྷག་བསྡུ་རུབ་བྱས། རྨ་ཆུ་སྔོན་མོར་སྲུང་སྐྱོང་བྱེད་ཅེས་པ་སོགས་ཟོང་རྟགས་བྱེད་སྒོ1300ལྷག་སྤེལ་བ་དང་ན་གཞོན་སུམ་འབུམ་ལྔ་ཁྲི་ཟབ་ཞུགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།