མཚོ་སྔོན་པོའི་རྐང་བགྲོད་བྱེད་སྒོ་སྟེ“འགྲན་བསྡུར་དང་མཉམ་དུ། ཡུལ་སྐོར་ལ་བསྐྱོད་པ”ཞེས་པ་ཕུལ་བྱུང་དཔེ་མཚོན་དུ་བདམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4བའི་ཚེས24ཉིན། “འགྲན་བསྡུར་དང་མཉམ་དུ། ཡུལ་སྐོར་ལ་བསྐྱོད་པ”ཞེས་པའི2026ལོའི་ཅང་སུའུ་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་བརྗེ་རེས་བྱེད་སྒོ་ཅང་སུའུ་ཀྲིན་ཅང་དུ་སྤེལ། བྱེད་སྒོའི་ཡུལ་དངོས་སུ། ཀྲུང་གོའི་ཡུལ་སྐོར་གསར་འགྱུར་ཁང་གིས2025ལོའི“འགྲན་བསྡུར་དང་མཉམ་དུ། ཡུལ་སྐོར་ལ་བསྐྱོད་པ”ཞེས་པའི་ཕུལ་བྱུང་དཔེ་མཚོན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། “མཚོ་སྔོན་པའི་ལོ་གསར་བསུ་བའི་སྐྱེ་ཁམས་ཁོར་སྲུང་རྐང་བགྲོད་བྱེད་སྒོ”རྒྱལ་ཡོངས་ཀྱི་སྙན་ཞུའི་ལས་གཞི182ཁྲོད་ནས་འབུར་དུ་ཐོན་འདུག

ཀྲུང་གོའི་ཡུལ་སྐོར་གསར་འགྱུར་ཁང་གིས་ན་ནིང་གི་ཟླ12པར2025ལོའི“འགྲན་བསྡུར་དང་མཉམ་དུ་ཡུལ་སྐོར་ལ་བསྐྱོད་པ”ཞེས་པའི་ཕུལ་བྱུང་དཔེ་མཚོན་འཚོལ་བསྡུ་བྱེད་པའི་མགོ་བརྩམས། ད་ལོའི་ཟླ1པའི་བར་དུ། ཁྱོན་སྡོམ་དཔེ་མཚོན182འཚོལ་བསྡུ་བྱས་ཡོད་ལ། དེའི་ཁྲོད་མ་ལ་སུང་དང་དམངས་སྲོལ་འགྲན་བསྡུར། གངས་འཁྱག་ལུས་རྩལ་སོགས་རིགས་སྣ་མང་པོ་འདུས་ཡོད། ཕྱོགས་བསྡུས་དྲ་ལམ་གྱི་འདེམ་ཤོག་དང་ཆེད་མཁས་པའི་དཔྱད་བསྡུར་བྱས་པ་བརྒྱུད། མཇུག་མཐར་ཕུལ་བྱུང་དཔེ་མཚོན25འདམ་ཐོན་བྱུང་། དེའི་ཁྲོད་དུ་གྲོང་ཁྱེར་གྱི་མཉམ་འདྲེས་གསར་གཏོད་བྱེད་ཐབས་ཡོད་པར་མ་ཟད། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་འཚོལ་ཞིབ་དང་མཉམ་འདྲེས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པ། བྱེད་སྒོའི་རྨང་གཞི་སྲ་བརྟན་ཡིན་པ། སྣེ་ཁྲིད་བྱེད་ནུས་མངོན་གསལ་ཡིན་པ། གསར་གཏོད་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་པ། སྨྱན་སྦྱོར་གྱིས་དོ་སྣང་བྱེད་པའི་ཚད་མཐོ་བ་བཅས་འདུས་པས། འགྲན་བསྡུར་ནི་སྒུལ་ཤུགས་གཙོ་བོར་བྱེད་པ་མངོན་མཚོན་བྱས་ཡོད་ལ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཚུལ་བསྒྱུར་དང་འཛད་སྤྱོད་རིམ་འཕར་གྱི་འདུ་ཤེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ས་གནས་སོ་སོའི“འགྲན་བསྡུར་གྱིས་མི་སེམས་འགུག་པ་དང་རིག་གནས་ཡུལ་སྐོར་གྱིས་འགྲུལ་བ་འདྲེན་པ”ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ལུས་རྩལ་འགྲན་བསྡུར་ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྦས་ཤུགས་གསར་བ་སྒུལ་སློང་བྱེད་པའི་མཉམ་འདྲེས་ཕན་ནུས་ཐོན་པར་བྱས་ཡོད།

མཚོ་སྔོན་པོའི་ལོ་གསར་བསུ་བའི་སྐྱེ་ཁམས་ཁོར་ཡུག་རྐང་བགྲོད་བྱེད་སྒོ2021ལོ་ནས་ལོ་བཅུའི་རིང་ཧུར་ཐག་གིས་གསོ་སྐྱོང་བྱས་པར་བརྟེན། དེང་སྐབས་མཚོ་སྔོན་པའི་དགུན་དུས་སྐྱེ་ཁམས་ཡུལ་སྐོར་གྱི་མཚོན་བྱེད་རང་བཞིན་གྱི་ཟོང་རྟགས་སུ་གྱུར་ཡོད། “ང་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན”ཞེས་པ་བྱེད་སྒོའི་བརྗོད་གཞིར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་མཉམ་འདྲེས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་རྐང་བགྲོད་དེ་བྱེད་ཐབས་གཙོ་བོར་བྱས་ནས་ལོ་རེར་ཞིང་ཆེན་ཕྱི་ནང་གི་སྒོ་ཕྱིའི་ལུས་རྩལ་ལ་དགའ་མཁན་དང་དང་བླངས་པ། སྨྱན་སྦྱོར་གྱི་འཐུས་ཚབ་པ་སྟོང་ཕྲག་ལྷག་ཞུགས་བཞིན་ཡོད། འགྲན་ཞུགས་པ་དག་གིས་རྐང་བགྲོད་ཀྱི་ལམ་བར་དུ་གད་སྙིགས་དག་སེལ་དང་ཁོར་སྲུང་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྐྱེ་ཁམས་འདུ་ཤེས་ལག་བསྟར་བྱེད་པ་དང་མཉམ་དུ། གཏིང་ཟབ་མྱོང་རོལ་གྱི་རྣམ་པས་མཚོ་སྔོན་པོའི་དགུན་དུས་ཀྱི“གངས་འཁྱག་གི་མཛེས་སྡུག རྨི་ལམ་གྱི་ལྷ་མཚོ”ཞེས་པའི་ཁྱད་ལྡན་ལྗོངས་རྣམ་ལ་བརྟེན་ནས། སྐྱེ་ཁམས་མྱོང་རོལ་དང་རིག་གནས་ཡུལ་སྐོར་གྱི་ཚོར་ཤེས་ཟུང་ལྡན་གྱི་བྱེད་ནུས་མངོན་འགྱུར་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།