མཚོ་སྔོན་ཞིང་ཆེན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་བྱིས་པའི་སེམས་རྒྱུད་བརླན་པའི་ཉམས་ལེན་བྱེད་སྒོ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པའི“གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་བྱིས་པའི་སེམས་རྒྱུད་བརླན་པ་དང་གཉེན་ཉེའི་བརྩེ་སེམས་མཉམ་དུ་རྒྱུན་འཛིན་བྱེད”ཅེས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རང་རྒྱུད་ལ་ཉམས་སུ་ལེན་པའི་བྱེད་སྒོ་སྤེལ། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་མཚོ་སྔོན་རང་ཡུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ནང་སྙིང་སྔོག་འདོན་གང་ལེགས་བྱེད་པ་དང་། རང་རྒྱུད་ལ་ཉམས་སུ་ལེན་པའི་རིག་གནས་བརྗེ་རེས་ལས་སྟེགས་བསྐྲུན་ནས། གཞོན་ནུ་ལོ་ཆུང་གིས་རང་ཡུལ་གྱི་རིག་གནས་ལ་མོས་མཐུན་བྱེད་པའི་བསམ་པ་དང་རང་སྤོབས་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་།

བྱེད་སྒོའི་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་རང་རྒྱུད་ལ་ཉམས་སུ་ལེན་པའི་ཁྱིམ་ཚང་གིས“གཙང་བོའི་འབྱུང་ཡུལ་ཆའོ་ཀུའུ་འཁལ་འཐག་ཁང”ལ་ལྟ་སྐོར་བྱས་པ་དང་། འཁལ་འཐག་ཁང་ནང་བཤམས་པའི་གཙགས་དྲུབ་དང་ཀོ་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་བརྩམས་ཆོས་ཀྱི་བཟོ་རྩལ་ཕུལ་དུ་བྱུང་བ་དང་རི་མོ་སྤུས་ལེགས་ཡིན་པའི་དབང་གིས། བྱིས་པ་ཚོས་ཁྱིམ་བདག་གི་འདུག་རོགས་འོག་ཏུ། ཞིབ་ཚགས་ངང་མྱོང་རོལ་བྱེད་པ་དང་དྲི་བ་ཡང་ནས་ཡང་དུ་དྲིས་པར་བརྟེན། རང་དང་ཐག་ཉེ་ནས་གཟུགས་འདས་ཤུལ་བཞག་རིག་གནས་ལ་མྱོང་མོལ་བྱས་ནས། ཕ་ཡུལ་གྱི་རིག་གནས་ལ་རྒྱུས་ལོན་ཞིབ་མོ་བྱས།  ཀོ་དྲུབ་དང་གཙགས་དྲུབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པས། བརྩམས་ཆོས་ཀྱི་རྒྱབ་ཏུ་ཡིབ་པའི་དམངས་ཁྲོད་གཏམ་རྒྱུད་མཉམ་སྤྱོད་བྱས་ནས། བྱིས་པ་ཚོས་གཏན་རྒྱུད་ལ་ཉན་སྐབས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྔོག་མི་ཚར་བའི་ནང་སྙིང་ཟབ་མོ་རང་རྒྱུད་ལ་ལེན་པར་རོགས་རམ་བྱས།

གཟུགས་འདས་ཤུལ་བཞག་རིག་གནས་ལག་ཤེས་ཀྱི་སློབ་ཁྲིད་རང་རྒྱུད་ལ་ཉམས་སུ་ལེན་པའི་མཁའ་དབུགས་ནི་དྲོད་ཁོལ་རྫོགས་པ་ཞིག་ཡིན་སྟབས། དེའི་ནང་གང་སར་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་མཆེད་ཀྱིན་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བཞིས་དངོས་སུ་དཔེ་སྟོན་བྱས་པ་དང་། ཁྱིམ་བདག་དང་བྱིས་པ་གཉིས་ཀྱིས་ལས་བགོས་མཉམ་ལས་དང་མ་གྲོས་གཅིག་མཐུན་གྱིས་གཞོགས་འདེགས་བྱས་ཏེ། ཁབ་སྐུད་རེ་རེ་བརྒྱུས་ནས་གཟུགས་འདས་ཤུལ་བཞག་རིག་གནས་གསར་རྩོམ་བྱེད་སྐབས། གཡང་གིས་ཕྱུག་པའི་དངུལ་ཁུག་དང་འཁྲུག་ཆ་དོད་ལ་སྙིང་རྗེ་བའི་གསའ་ཡི་འགེལ་ཆས་རིམ་བཞིན་བཟོས་ཏེ། བྱིས་པ་ཚོར་ཁྱིམ་བདག་དང་མཉམ་འགུལ་སྤེལ་རེས་དམ་ཟབ་བྱེད་པའི་ཁྲོད། བྱིས་པ་ཚོའིབརྩེ་སེམས་སྔར་ལས་ཇེ་དྲག་ཏུ་ཕྱིན་པའི་དུས་མཚུངས་སུ། སྲོལ་རྒྱུན་བཟོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱང་ཞོར་ལ་ཚོར་ཐུབ་པར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།