2026ལོའི་སྐབས་གཉིས་པའི“ཁུ་ནུའི་འཆད་ཁྲིད་ཆེན་མོ”སྤེལ་འགོ་བརྩམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཉེ་ཆར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་གཙོ་སྒྲུབ་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་ལས་བྱེད་པའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2026ལོའི་སྐབས་གཉིས་པའི་ཁུ་ནུའི་འཆད་ཁྲིད་ཆེན་མོའི་དྲ་ཐོག་གི་འཆད་ཁྲིད་འགོ་བརྩམས།   ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དམག་གྲབས་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧུང་ཡོན་གྱིས་ཁ་བྱང་ལརྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་དང་ཉེན་ཁར་ཁ་གཏད་འཇལ་བཞེས་པའི་ཆེད་དོན་འཆད་ཁྲིད་བྱས།

ཧུང་ཡོན་གྱིས་མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ཁབ་ཆེན་པོའི་འགྲན་རྩོད།   རང་རྒྱལ་འཕྲད་པའི་ཕྱི་ཕྱོགས་གནོན་ཤུགས་སོགས་ནང་དོན་ལ་དམིགས་ནས་འགྲེལ་ཀློག་ཟབ་མོ་བྱས་པ་དང་།    ལོ་རྒྱུས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ།    ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ནུས་པ་མགྱོགས་མྱུར་ངང་ཇེ་ཆེར་གཏོང་བ།   ཁྲིམས་སྐྱོང་འགན་སྲུང་དང་ཉེན་ཁའི་སྔོན་བརྡ་ཐག་གཅོད་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་མཐོང་རྒྱ་བསྐྱེད་པ་དང་ཚད་མཐའི་བསམ་བློ་བརྟན་པོ་ཆགས་པ།   ཕྱི་ཕྱོགས་ཁོར་ཡུག་གི་འགྲན་སློང་ལ་ནུས་ཡོད་སྒོས་ཁ་གཏད་འཇལ་བ་སོགས་ཀྱི་ཐད་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།     འཆད་ཁྲིད་ལ་ཞུགས་པའི་རང་ཞིང་གི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིའི་སློབ་སྦྱོང་བརྒྱུད་དེ་རྒྱལ་སྤྱིའི་གནས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་སྔར་ལས་ངོས་འཛིན་ཟབ་མོ་ཡོང་བར་བྱས་པ་དང་།    རྒྱལ་སྤྱིའི་རྙོག་འཛིང་གི་གནད་དོན་ལ་མ་ལག་ལྡན་པའི་དབྱེ་ཞིབ་བྱེད་པའི་འཐབ་ཇུས་བྱེད་ཐབས་ཁོང་དུ་ཆུད་པ་བསྟན།   ཚང་མས་བལྟས་ན།  དེང་སྐབས་ཉེན་ཁ་དང་གོ་སྐབས་མཉམ་དུ་གནས་ཡོད་པས།    མི་སྒེར་གྱིས་རང་གི་ལས་གནས་ལ་རྐང་བཙུགས་ཏེ་བདེ་འཇགས་འགོག་ཐིག་བརྟན་པོར་འཛུགས་པ་དང་།    འཕེལ་ཕྱོགས་ཆེན་པོར་ཤེས་རྟོགས་དང་ཚད་མཐའ་བརྟན་སྲུང་།   རང་འགུལ་ངང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ།    རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཁྲོད་བརྟན་བགྲོད་རྒྱང་འཁྱོལ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གང་ལེགས་བྱེད་པ་དང་། ཉེན་ཁ་སྣ་ཚོགས་ནུས་ཡོད་སྒོས་སྔོན་འགོག་དང་ཐག་གཅོད་བྱེད་དགོས་པར་འདོད།  

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་སྡེ་ཁག   ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག   ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ།  ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་ལས་བྱེད་པ་ཉིས་སྟོང་གྱ་གཅིག་གིས་འཆད་ཁྲིད་ལ་ཉན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།