“དགའ་བདེའི་གཞོན་ནུ། བོད་ཀྱི་གསོ་རིག་དང་འཕྲད་པ”ཞེས་པའི་གཞོན་ནུའི་མཚན་མོའི་སློབ་གྲྭའི་ཆེད་དོན་སློབ་སྦྱོང་ཉམས་ལེན་བྱེད་སྒོ་སྤེལ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

རྒྱལ་ཁབ་ཀྱི་གཞོན་ནུའི་བདེ་ཐང་འཕེལ་རྒྱས་ཐབས་ཇུས་ཧུར་ཐག་གིས་དང་ལེན་བྱེད་པ་དང་། གཞོན་ནུའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞོན་ནུའི་བདེ་ཐང་གོ་རྟོགས་དང་ལུས་པོའི་སྤུས་ཚད་མཐོར་འདེགས་གཏོང་ཆེད། ཉེ་སྔོན། གུང་གཞོན་ཚོགས་པ་དགའ་བདེ་རྫོང་ཨུ་ཡོན་ལྷན་ཁང་དང་དགའ་བདེརྫོང་བོད་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོསདགའ་བདེའི་གཞོན་ནུ། བོད་ཀྱི་གསོ་རིག་དང་འཕྲད་པཞེས་པའི་གཞོན་ནུའི་མཚན་མོའི་སློབ་གྲྭའི་ཆེད་དོན་སློབ་སྦྱོང་ཉམས་ལེན་བྱེད་སྒོ་སྤེལ།

བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་སྲོལ་རྒྱུན་གསོ་རིག་གི་རིན་པོ་ཆེ་ལྟ་བུ་ཡིན་ཞིང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་རྒྱུན་འཛིན་དང་གསོག་འཇོག་བརྒྱུད།གསོ་རིག་རྒྱུད་བཞིསྲོག་ཤིང་ཡིན་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད། 2018ལོརབོད་ཀྱི་གསོ་བ་རིག་པའི་སྨན་ལུམས་རིག་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིསའགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གྱི་མཚོན་བྱེད་མིང་ཐོའི་ནང་བཅུག་པ་དེས་མཐོ་སྒང་གི་སྲོལ་རྒྱུན་གསོ་རིག་གི་འཛམ་གླིང་རང་བཞིན་གྱི་རིན་ཐང་དང་རིག་གནས་ཀྱི་གསོན་ཤུགས་མངོན་པར་མཚོན་ཡོད། བྱེད་སྒོའི་ཁྲོད། དགའ་བདེརྫོང་བོད་སྨན་ཁང་གི་འཕེལ་རྒྱས་གནས་ཚུལ་དང་། ཁྱད་ཆོས་ལྡན་པའི་བརྟག་བཅོས་ལས་གཞི། ཁམས་གསོ་ཞབས་ཞུའི་མ་ལག་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། བོད་ཀྱི་གསོ་རིག་གིས་མཐོ་སྒང་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ལག་ལེན་གྱི་གྲུབ་འབྲས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད། དེ་མིན་བོད་སྨན་གྱི་རྨང་གཞིའི་གཞུང་ལུགས་གོ་སླ་ཞིང་གཏིང་ཟབ་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། དངོས་སུ་ལག་ལེན་བྱེད་པའི་བརྒྱུད་རིམ་དང་དོ་སྣང་བྱེད་དགོས་པའི་གནད་དོན་རྣམས་གསལ་བཤད་བྱས་པས། ཆེད་ལས་ཀྱི་ཤེས་བྱ་རྣམས་གོ་བདེ་བའི་སྐད་ཆའི་སྒོ་ནས་གཞོན་ནུ་རྣམས་ཀྱིས་གོ་བ་ལོན་ཐུབ་པ་དང་། བློ་ལ་ངེས་ཐུབ་པ། ལག་ལེན་དུ་བསྟར་ཐུབ་པ་བྱུང་ཡོད།

གཞུང་ལུགས་སློབ་སྦྱོང་བྱས་རྗེས། གཞོན་ནུ་རྣམས་སྨན་ཁང་གི་ལས་བཟོ་བའི་སྣེ་ཁྲིད་འོག་རིམ་པ་བཞིན་བོད་སྨན་ཁང་གི་འགྲེམསྟོན་ཁང་ལ་ལྟ་ཞིབ་བྱས་པ་མ་ཟད། བོད་སྨན་གྱིགསང་མིག་འཕུར་མཉེད་སོགས་ཀྱི་ལག་ལེན་ཁྲོད་ཞུགས། ཚང་མས་བོད་ཀྱི་སྨན་རྫས་དཀོན་པོ་རྣམས་ལ་ལྟ་ཞིབ་དང་སྲོལ་རྒྱུན་གྱི་བཅོས་ཐབས་ཉམས་སུ་མྱངས་བས། དངོས་སུ་ལག་ལེན་བྱེད་པའི་ཁྲོད་བོད་ཀྱི་གསོ་རིག་གི་ནད་སྔོན་འགོག་དང་རང་བྱུང་ཁམས་གསོའི་བློ་གྲོས་ལ་གོ་བ་ཟབ་མོ་ལོན་པ་དང་། མཐོ་སྒང་གི་ལས་བྱེད་པ་དང་གཞི་རིམ་གྱི་དང་བླངས་པ་རྣམས་ལ་འཚམ་པའི་རྒྱུན་ལྡན་གྱི་བདེ་ཐང་སྲུང་སྐྱོང་བྱེད་ཐབས་ལ་སློབ་སྦྱོང་བྱས་ནས་རྒྱུ་ལ་ཡོན་ཏན་མང་པོ་འབྱོར།

ཐེངས་འདིའི་བྱེད་སྒོ་ཡིས་བོད་ཀྱི་གསོ་རིག་རིག་གནས་ཁྱབ་གདལ་དུ་བཏང་བ་དང་གཞོན་ནུའི་བདེ་ཐང་སྤུས་ཚད་མཐོར་འདེགས་བཏང་བ་མ་ཟད། སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། གུང་གཞོན་ཚོགས་པ་དགའ་བདེརྫོང་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་གཞོན་ནུའི་མཚན་མོའི་སློབ་གྲྭ་ཡག་པོར་གཉེར་ནས་གཞོན་ནུའི་དགོས་མཁོར་དམིགས་པ་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། གཞོན་ནུ་རྣམས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་དགའ་བདེ་གསར་པ་འཛུགས་སྐྲུན་ལ་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།