ཞིང་ཆེན་སྤྱི་ཚོགས་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་མཚོ་སྔོན་མདེལ་སྐར་གཅིག་ལས་བྱེད་སློབ་གླིང་དུ་འཚོགས་འགོ་བརྩམས་པ་དང་། ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡི་འགན་ཁུར་བློ་མཐུན། ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་འགན་ཁུར་བ་དང་འཐུས་མི་སོགས་མི100གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ཉིན་གསུམ་རིང་ཡིན་ལ། ཆེད་དོན་འཆད་ཁྲིད་དང་ལྗོངས་རྣམ་སློབ་ཁྲིད། ཁག་བགོས་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛིན་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཐད་ཆེད་དོན་གསབ་སྦྱོང་བྱས་པ་དང་། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྤྱི་ཚོགས་ཚོགས་པ་ཚད་ལྡན་ངང་འཛུགས་སྐྱོང་བྱེད་པ། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ནོར་སྲིད་དོ་དམ་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་གསལ་འགྲེལ་བྱས་ལ། ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ཏང་འཛུགས་དང་ལས་དོན་གཞོག་འདེགས་འཕེལ་རྒྱས་བརྒྱུད་ལམ་ལ་དམིགས་ནས་ཁག་བགོས་བགྲོ་གླེང་བྱས་པ་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་ཁྱད་ལྡན་ཐོན་ཁུངས་བེད་སྤྱད་ནས་སློབ་མ་རྣམས་ལ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་གོ་བ་གཏིང་ཟབ་ལེན་པ་དང་། ཕུགས་བསམ་དད་སེམས་འགྱུར་བ་མེད་ཅིང་རྩ་དོན་འདུ་ཤེས་ཤུགས་དྲག་ཏུ་བཏང་སྟེ་སྤྱོད་ཚུལ་བཟང་བོར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་ཚོགས་དང་ཚོང་ལས་མཐུན་གྱི་ཏང་འཛུགས་དང་བཅོས་སྒྱུར་འཕེལ་རྒྱས་ཐད་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་།

གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་བརྒྱུད་མི་འདང་ས་ཁ་གསབ་དང་ནུས་པ་མཐོར་འདེགས་བཏང་ནས་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ཏང་གི་འཛུགས་སྐྱོང་དང་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་ཆེད་མཁས་པར་འགྱུར་བར་བརྩོན་པ་བྱས་ནས་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ལེན་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།