ཟླ4པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་གནས་ཚུལ། དེ་མིན་མཚོ་ཤར་གྲོང་ཁྱེར་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག་གི་ཁྲིམས་འཛུགས་འཕེལ་རིམ་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་དེའི་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་པའི་རྨང་གཞིའི་ཐོག མཚོ་ཤར་གྲོང་ཁྱེར་དུ་བསྐྱོད་དེ་ཡུལ་དངོས་ནས་འཚམས་འདྲི་དང་། བཞུགས་མོལ་བརྗེ་རེས། དཔྱད་གཞིར་ལྟ་ཀློག སྙན་ཞུར་ཉན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། འཚོ་བའི་གད་སྙིགས་བསྡུ་འདྲེན་ཐག་གཅོད། ཁེ་ལས་ཀྱི་ཉེན་ཆེའི་བེད་མེད་དངོས་པོ་ཐག་གཅོད། ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་སོགས་ཀྱི་བྱ་བ་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་ཁོར་ཡུག་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ་ནི་དམངས་ཆེན་གྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་ལྟ་སྐུལ་འགན་དབང་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ལ། ཁྲིམས་ལྟར་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ལམ་ལུགས་ཀྱི་འགན་སྲུང་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་དུ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། དམིགས་འབེན་ཁྲིད་སྟོན་གྱི་ཁ་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་ཀྱིས་ཞན་ཆ་ཡང་དག་འཚོལ་བ་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱེད་དགོས། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་གི་གནད་ལ་འཁེལ་བའི་ཁྲིད་སྟོན་འོག་ལོ་འཁོར་གྱི་ཁོར་ཡུག་སྙན་ཞུའི་བྱ་བའི་བླང་བྱ་ལག་བསྟར་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅའ་ཁྲིམས་ལག་བསྟར་གྱི་སྟོབས་ལྡན་གཅིག་ཏུ་བསྡུ་དགོས། བྱ་བའི་བྱེད་ཐབས་ཞིབ་མོ་བཟོས་ནས་སྙན་ཞུ་བཟོ་བཅོས་འཐུས་ཚང་དང་བྱ་བའི་གདུབ་ཟུམ་དོན་འཁྱོལ་ཡག་པོ་བྱེད་དགོས། ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ནན་མོ་བྱེད་པ་དང་། དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ཏེ་ལན་སྤྲོད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྙན་ཞུའི་གྲོས་ཞིབ་ཡག་པོར་གཞོགས་འདེགས་བྱེད་དགོས་པ་མ་ཟད། གྲོས་ཞིབ་ལ་རྗེས་འདེད་དང་གྲོས་གཞི་དང་བསམ་འཆར་མུ་མཐུད་དུ་ཐག་གཅོད་བྱེད་དགོས།