ལོ་བརྒྱད་མན་གྱི་བྱིས་པར་བྱེད་ནུས་འདིའི་ཁ་འབྱེད་མི་ཆོག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་ཐད་གཏོང་ལ་བྱ་དགའ་སྤྲོད་པའི་གཏན་འབེབས་གསར་པས་ལོ་བརྒྱད་མན་གྱི་བྱིས་པར་སྟོན་མི་ཆོག་ཅེས་ཁྱབ་བསྒྲགས་བྱས།

ཟླ4པའི་ཚེས13ཉིན་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཐོག་ཐད་གཏོང་བྱ་དགའ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས། དྲ་རྒྱའི་ཐད་གཏོང་གི་བྱ་དགའ་སྤྲོད་པའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་། དྲ་རྒྱའི་ཐད་གཏོང་གི་ཁེ་གཉེར་བྱ་སྤྱོད་ཚད་ལྡན། དྲ་ཚིགས་སྟེགས་བུ་ལུགས་མཐུན་སྐྱོན་བྲལ་ངང་གཉེར་སྐྱོང་ལ་སྐུལ་འདེད།  དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱ་ཆེད། འབྲེལ་ཡོད་བྱ་བའི་བླང་བྱ་སྐོར་ནས་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།

བྱ་དགའ་སྤྲོད་པའི་སྒྲིག་ལམ་གསལ་པོར་བསྟན་པ། དྲ་ཚིགས་ལས་སྟེགས་ཀྱིས་འཛད་སྤྱོད་པར་བྱ་དགའ་སྤྲོད་པའི་ཞབས་ཞུ་དང་འདོན་པ་དང་། དུས། མིང་ཐོ་དང་ཨང་རིམ་བཟོ་བ། ཁ་བརྡ་རྩེད་འཚར་ཇུས་འགོད་བྱེད་པ་བཅས་ཀྱི་ཐད་སྒྲིག་སྲོལ་ཁ་གསལ་བཟོ་དགོས་པ་མ་ཟད། དྲང་ཐད་དང་བྱེད་བདེ་བོའི་ལམ་ནས་ཡོངས་སྒྲོག་བྱ་དགོས་པ་ལས་ཀློག་ངོས་མང་པོ་ཅན་དང་དོན་ཚན་རིང་པོ་ཅན་སོགས་སྤྱོད་མཁན་གྱིས་ཤེས་འདོད་ཀྱི་མོས་པ་འགོག་པར་བྱེད་པའི་ཐབས་རིགས་སྤྱད་མི་ཆོག 

བྱ་དགའ་སྤྲོད་པའི་ཁེ་གཉེར་དབང་ཚད་ཚད་ལྡན་དུ་བཏང་བ།  དྲ་རྒྱའི་ཐད་གཏོང་གི་རྩིས་ཐོ་ཨང་གྲངས་ཞིག་དགོས་ན་ཐོག་མར་བྱ་དགའ་ཡོད་པའི་ཁེ་གཉེར་དབང་ཚད་ལ་རེ་ཞུ་བརྒྱུད་བེད་སྤྱོད་བྱ་དགོས། གལ་སྲིད་དེ་མ་ཡིན་པར་སྒྲིག་འགལ་གྱི་ཟིན་ཐོ་ཡོད་ཚེ་ཐག་གཅོད་བྱས་ནས་ཟླ་བ་གསུམ་ཟིན་རྗེས་སླར་ཡང་བེད་སྤྱོད་ཀྱི་རེ་ཞུ་བྱ་ཆོག དྲ་རྒྱའི་ཐད་གཏོང་གི་རྩིས་ཐོ་ཨང་གྲངས་སུ་སྐད་ཆ་གཏན་འགག་བྱས་པ་ཡིན་ན། བྱ་དགའ་ཡོད་པའི་ཁེ་གཉེར་དབང་ཚད་ཀྱང་དུས་གཅིག་ཏུ་གནས་སྐབས་མཚམས་འཇོག་དགོས་ལ། དུས་ཡུན་ནི་སྐད་ཆ་གཏན་འགོག་གི་དུས་བཀག་ལས་ལྡབ2ནས3བར་རེད།

བྱ་དགའ་ཡོད་པའི་བཅད་གྲངས་ཀྱི་བྱེད་ནུས་འདོན་སྤྲོད་བྱས་པ། སྤྱོད་མཁན་གྱིས་ཐད་གཏོང་བྱ་དགའ་ཐེངས་དང་པོ་སྤྲོད་སྐབས་དྲ་ཚིགས་ལས་སྟེགས་ཀྱིས་རང་འགུལ་ངང་བྱ་དགའ་སྤྲོད་པའི་བཅད་གྲངས་བཀོད་སྒྲིག་གི་ཞབས་ཞུ་མཁོ་འདོན་བྱེད་ཅིང་། སྤྱོད་མཁན་མི་སྒེར་ནས་ཐེངས་གཅིག་དང་ཉིན་གཅིག་ལ་བྱ་དགའ་སྤྲོད་པའི་དངུལ་གྲངས་མཐོ་ཤོས་གཏན་འཁེལ་བྱེད་ཆོག་པར་བྱས།   སྤྱོད་མཁན་གྱིས་བཅད་གྲངས་བཀོད་སྒྲིག་དོར་བའམ་ཡང་ན་དེའི་བཀོད་སྒྲིག་གི་བཅད་གྲངས་ལ་བཟོ་བཅོས་བརྒྱབ་ན་དྲ་ཚིགས་ལས་སྟེགས་ཀྱིས་བྱེད་ཐབས་འོས་འཚམ་བརྒྱུད་དེ་ངོས་འཛིན་གཏན་འཁེལ་བྱེད་དགོས།

བྱ་དགའ་སྤྲོད་པའི་དྲན་སྐུལ་གྱི་ནུས་པ་མཁོ་འདོན་བྱས་པ། དྲ་ཚིགས་སྟེགས་བུས་སྤྱོད་མཁན་ཀྱིས་བྱ་དགའ་སྤྲོད་པ་ལ་་གསལ་འདེབས་ཀྱི་ཆ་རྐྱེན་ཆ་རྐྱེན་དང་། དྲན་སྐུལ་བྱེད་སྟངས། དྲན་སྐུལ་ཐེངས་གྲངས་བཅས་བཀོད་སྒྲིག་འོས་འཚམ་བྱས་ཏེ་འབྲེལ་ཡོད་བྱེད་ནུས་ཀྱི་ཁ་ཕྱེ་བའི་རྣམ་པར་འཇོག་དགོས་པ་མ་ཟད། སྤྱོད་མཁན་ནས་རང་འགུལ་ངང་འབྲེལ་ཡོད་བཀོད་སྒྲིག་བཟོ་བཅོས་རྒྱག་ཆོག་པ་བྱེད་དགོས ། གལ་ཏེ་སྤྱོད་མཁན་གྱིས་དྲན་སྐུལ་བྱེད་ནུས་སྒོ་བརྒྱབ་པ་ཡིན་ན། དྲ་ཚིགས་ལས་སྟེགས་ཀྱིས་བྱེད་ཐབས་འོས་འཚམ་བརྒྱུད་ངོས་འཛིན་གཏན་འཁེལ་བྱེད་དགོས།

བྱ་དགའ་སྤྲོད་པའི་དངུལ་གྲངས་ཀྱི་ཨང་རིམ་ཚད་ལྡན་དུ་བཏང་བ། དྲ་ཚིགས་སྟེགས་བུས་སྤྱོད་མཁན་གྱི་མོས་མཐུན་མ་ཐོབ་པར་འཛད་སྤྱོད་པའི་དངུལ་གསོག་བྱ་དགའ་སྤྲོད་པ་དང་ལག་རྟགས་ཉོ་བ་སོགས་ཀྱི་འཛད་སྤྱོད་བསྡོམས་རྩིས་གཞི་གྲངས་ཡོངས་སྒྲོག་གམ་འགྲེམས་སྟོན་བྱེད་མི་ཆོག་ལ།  བྱ་དགའ་སྤྲོད་པའི་གྲངས་ཚད་དེ་གཞི་འཛིན་ས་འབའ་ཞིག་ཏུ་བརྩིས་ནས་དྲ་རྒྱའི་ཐད་གཏོང་བའི་ཨང་རིམ་དང་། བཞུར་འདྲེན། འོས་སྦྱོར་བཅས་བྱེད་པའམ་ཡང་ན་སྤྱོད་མཁན་ལ་ཨང་རིམ་བཟོ་མི་ཆོག

ཐད་གཏོང་བྱ་དགའ་སྤྲོད་རེས་ཚད་ལྡན་དུ་བཏང་བ། དྲ་ཚིགས་ལས་སྟེགས་ཀྱིས་བྱ་དགའ་སྤྲོད་ལེན་ཕན་ཚུན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁྲིམས་འགལ་གྱི་ཆ་འཕྲིན་ངན་པ་སྒྲོག་པ།  བྱ་དགའ་སྤྲད་ནས་དངུལ་སྨར་ཕྱིར་སློག་པ། རང་ཉིད་ལ་བྱ་དགའ་སྤྲོད་པ་སོགས་ཀྱི་གཡོ་ཐབས་ཀྱིས་སྤྱོད་མཁན་ལ་བྱ་དགའ་སྤྲོད་དུ་འཇུག་པའི་རིགས་ནན་འགོག་བྱེད་དགོས། བྱ་དགའ་སྤྲོད་མཁན་ལ་དམིགས་བསལ་གྱི་སྲུང་སྐྱོང་དབང་ཚད་བཟོས་ནས་དྲ་རྒྱའི་ཐད་གཏོང་སྐྱེ་ཁམས་ལ་འགོག་རྐྱེན་མི་ཐེབས་པ་བྱེད་དགོས།

བྱིས་པར་སྲུང་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་བ། དྲ་ཚིགས་ལས་སྟེགས་ཀྱིས་ལོ་བརྒྱད་མན་གྱི་ན་སོ་དར་ལ་མ་བབས་པའི་བྱིས་པར་བྱ་དགའ་སྤྲོད་པའི་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག ལོ་བརྒྱད་ནས་བཅུ་དྲུག་བར་གྱི་བྱིས་པར་བྱ་དགའ་སྤྲོད་པའི་ཞབས་ཞུ་འདོན་སྤྲོད་བྱེད་ན་དེའི་ལྟ་སྐྱོང་པའི་མོས་མཐུན་ཐོབ་དགོས། ལོ་བཅུ་དྲུག་ཡན་གྱི་གཞོན་ནུ་ལ་བྱ་དགའ་སྤྲོད་པའི་ཞབས་ཞུ་འདོན་ན།དེའི་ལྟ་སྐྱོང་པའི་མོས་མཐུན་ཐོབ་དགོས་པའམ་ཡང་ན་དེའི་ཡོང་འབབ་ཀྱི་ར་སྤྲོད་ཡིག་ཆར་ཞིབ་བཤེར་བྱེད་དགོས། ལོ་ཆུང་གཞོན་ནུ་རྩིས་ཐོའི་ཨང་གྲངས་སྤྱད་ནས་བྱ་དགའ་སྤྲད་པ་ཤེས་ན། དགོས་ངེས་ཀྱི་ཞིབ་བཤེར་བྱེད་དགོས་ལ། བྱ་དགའ་སྤྲོད་མཁན་དེ་བྱིས་པ་ཡིན་ཚེ་མྱུར་དུ་ཐག་གཅོད་བྱེད་ཐབས་སྤྱོད་དགོས།

ཁེ་གཉེར་བྱ་སྤྱོད་ལ་བྱ་དགའ་སྤྲོད་པའི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་བཟོས་པ། དྲ་ཚིགས་ལས་སྟེགས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་སྤྱི་སྒྲིག་སྲོལ་བཟང་གི་བླང་བྱ་གཞིར་བཟུང་སྟེ། དྲ་རྒྱའི་ཐད་གཏོང་གི་བྱ་དགའ་སྤྲོད་པའི་ཁེ་གཉེར་བྱ་སྤྱོད་ཀྱི་ལྡོག་ཕྱོགས་གསལ་ཐོ་བཟོ་དགོས།  རྩིས་ཐོ་ཨང་གྲངས་ཕྱེས་ཏེ་བྱ་དགའ་སྤྲོད་པའི་ཁེ་གཉེར་དབང་ཚད་མ་སྤྲད་་གོང་ལྡོག་ཕྱོགས་ཀྱི་གསལ་ཐོ་དེ་རྩིས་ཐོ་ཐོ་འགོད་བྱེད་མཁན་ལ་གསལ་བཤད་བྱེད་དགོས་པ་མ་ཟད། ད་དུང་སྡེ་ཁུལ་གྱི་སྒྲིག་སྲོལ་དང་སྤྱོད་མཁན་གྱི་གྲོས་མཐུན་སོགས་ལས་སྟེགས་དོ་དམ་ལམ་ལུགས་ཁྲོད་ལྡོག་ཕྱོགས་ཀྱི་གསལ་ཐོའི་བྱ་སྤྱོད་ལ་ཚོད་འཛིན་དང་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོ་དགོས།

རྒྱུན་ལྡན་མིན་པའི་བྱ་དགའ་དབྱེ་འབྱེད་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ། དྲ་ཚིགས་ལས་སྟེགས་ཀྱིས་སྤྱོད་མཁན་གྱི་རྒྱུན་གཏན་མིན་པའི་བྱ་དགའ་སྤྲོད་པའི་བྱ་སྤྱོད་ལ་དོ་ཁུར་ཟབ་མོ་བྱེད་པ་ཟད་ད་དུང་བྱེད་ཐབས་འོས་འཚམ་སྤྱད་དེ་སྤྱོད་མཁན་ལ་ངོས་འཛིན་གཏན་འཁེལ་བྱེད་དགོས། ཁྲིམས་སྲོལ་ལྟར་བྱ་དགའ་སྤྲད་པའི་ཟིན་ཐོ་ཉར་ཚགས་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པའི་ཁུངས་སྣེ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

ཞུ་གཏུག་ཐེར་འདོན་བདག་སྤྲོད་ལམ་སྲོལ་འཐུས་ཚང་དུ་བཏང་བ།  དྲ་ཚིགས་ལས་སྟེགས་ཀྱིས་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དྲ་རྒྱའི་ཐད་གཏོང་གི་བྱ་དགའ་སྤྲོད་པའི་འབྲེལ་ཡོད་ཞུ་གཏུག་དང་རྩོད་གཞི་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱེད་དགོས། གཞོན་ནུ་ལོ་ཆུང་ལ་ཕན་པ་ཆེ་ཤོས་ཡོད་པའི་རྩ་དོན་ལྟར། བྱིས་པས་བྱ་དགའ་སྤྲད་པའི་དངུལ་ཕྱིར་སློག་གི་རྩོད་གཞི་ཐག་གཅོད་ལུགས་མཐུན་བྱེད་དགོས།

ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་བ།  དྲ་ཚིགས་ལས་སྟེགས་ཀྱིས་དྲ་རྒྱའི་སྟེང་ཐད་གཏོང་བརྒྱུད་བྱ་དགའ་སྤྲོད་པའི་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྒྲིག་འགལ་བྱ་དགའ་སྤྲོད་པའི་བྱ་སྤྱོད་ལ་རྒྱུན་མཐུད་ངང་རྡུང་རྡེག་དང་།བཅོས་སྐྱོང་། སྤྱི་སྒྲོག་དང་ས་ཚིགས་སུ་ཡོངས་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དུས་བཀག་ལྟར་དཔེ་མཚོན་གྱོད་དཔེ་ཡོངས་སྒྲོག་དམར་འདོན་བྱས་ཏེ་དྲ་རྒྱའི་ཐད་གཏོང་བའི་རང་གཅུན་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱོད་མཁན་གྱིས་འཛད་སྤྱོད་ཚུལ་མཐུན་བྱེད་པའི་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས། །

ས་གནས་ཁག་གི་དྲ་རྒྱ་ཆ་འཕྲིན་ལས་ཁུངས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་དྲ་ཚིགས་ལས་སྟེགས་ཀྱི་བྱེད་པོ་འགན་འཁྲི་ནན་བསྒྲུབ་ལ་སྐུལ་འདེདགཏང་དགོས་པ་དང་། ། འབྲེལ་ཡོད་འགན་འཁྲི་མི་སྣ་གསལ་འབེབས་བྱས་ཏེ།  བརྡ་ཐོའི་བླང་བྱ་དང་བསྡུར་ནས་རང་བཤེར་རང་བཅོས་བྱེད་པ། དྲ་རྒྱའི་ཐད་གཏོང་བྱ་དགའ་སྤྲོད་པའི་དོ་དམ་ལ་ཤུགས་སྣོན་བྱེད་པ། ཐད་གཏོང་བྱ་དགའ་སྤྲོད་པའི་ནུས་པ་ཇེ་ལེགས་ནས་འཐུས་ཚང་དུ་གཏང་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།