ཟླ4པའི་ཚེས14ཉིན། ཞིང་ཆེན་ལས་བྱེད་པ་རྒན་པའི་བྱེད་སྒོའི་ལྟེ་གནས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་བར་སྲུང་སྐྱེལ་བྱ་དགོས་ཞེས་པ་བརྗོད་དོན་དུ་བྱས་ཏེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱེད་སྒོ་སྤེལ། བྱེད་སྒོའི་ཚོགས་པ་སོ་སོའི་འགན་ཁུར་བ་དང་ཆ་འཕྲིན་མི་སྣ། ཏང་ཡོན་ལས་བྱེད་པ་སོགས་མི70ཟབ་ཞུགས་བྱས།
བྱེད་སྒོ་དེ་ལས་བྱེད་པ་དང་ལས་བཟོ་བའི་ཁྲིད་སྟེགས་ལ་གཞི་བཅོལ་ནས་ལྟེ་གནས་ཀྱི་ལས་བཟོ་བས་འཆད་མཁན་གཙོ་བོའི་འགན་ཁུར་ནས་དམངས་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བདེ་འཇགས་འགན་སྲུང་སྲ་བརྟན་དུ་གཏོང་དགོས་ཞེས་པ་བརྗོད་དོན་དུ་བྱས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་རྩ་བའི་དོན་སྙིང་དང་དུས་རབས་ཀྱི་ཁྱད་ཆོས། ལག་ལེན་བླང་བྱ་བཅས་ལ་མ་ལག་ལྡན་པའི་སྒོ་ནས་འགྲེལ་ཀློག་བྱས་པ་དང་། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འབྲེལ་ཡོད་བཀོད་སྒྲིག་དང་ཟུང་འབྲེལ་སྒོས་ཚང་མའི་སྣེ་ཁྲིད་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་རྩོད་སྒྲུབ་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། སྤྱོད་ལམ་རང་རྟོགས་ཤུགས་དྲག་ཏུ་གཏོང་དགོས། ཡུལ་དངོས་སུ་ད་རུང་རྒྱལ་ཁབ་བདེ་འཇགས་སློབ་གསོ་དྲིལ་སྒྲོག་བརྙན་ཐུང་ལ་གཅིག་བསྡུས་སྒོས་བལྟས་པ་དང་། དཔེ་མཚོན་རང་བཞིན་གྱི་དཔེ་གཞིར་བརྟེན་ནས་ཁུལ་ཁོངས་སྣ་མང་གི་ཉེན་ཁ་དང་ཁ་གཏད་ཐབས་ཇུས་མངོན་པར་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་བའི་བདེ་འཇགས་འདུ་ཤེས་དང་ཚད་མཐའི་བསམ་གཞིགས་ཤུགས་དྲག་ཏུ་བཏང་།
ཐེངས་འདིའི་བྱེད་སྒོ་ནི་ཁྲིམས་ཁྱབ་སློབ་གསོ་དོན་འཁྱོལ་དང་རྒྱལ་ཁབ་བདེ་འཇགས་ལྟ་བའི་དྲིལ་སྒྲོག་སློབ་གསོའི་བསྐྱོད་པ་དྲུག་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་རེད། ཚང་མས་ལང་ལོང་ཏུ་བསྟན་དོན། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་སྤྱོད་ལམ་རང་རྟོགས་སུ་བསྒྱུར་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་སྒྲོག་མཁན་དང་ལས་བསྟར་མཁན། སྲུང་སྐྱོབ་མཁན་བཅས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྲུང་སྐྱེལ་བྱེད་པ་དང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས།