ཀློག་གྲངས།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ་བཞི་བའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང།
ཀྲའོ་ལི་ཅེ་ཡིས་བསྟན་དོན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་དབུ་བཞུགས་བློ་མཐུན་ལ་མཇལ་འཕྲད་གནང་ནས་ཐུན་མོང་གི་ལྟ་བ་གལ་ཆེན་གྲུབ་པ་ནས། ལས་རིམ་རྗེས་མར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་འགོད་དང་སྣེ་ཁྲིད་མཛད། ཀྲུང་གོའི་ཕྱོགས་ནས་སི་ཕེན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་ལྟ་བ་གལ་ཆེན་ལག་བསྟར་བྱས་ཏེ། ཆབ་སྲིད་སྟེང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དང་གཉིས་ཕན་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་སྔར་ལས་འཐབ་ཇུས་ཀྱི་གཏན་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས། རྒྱལ་སྤྱིའི་སྙན་གྲགས་བཅས་ཡོད་པའི་ཀྲུང་གོ་དང་སི་ཕེན་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཉམ་དུ་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་ཕེན་གྱི་གྲོས་ཁང་དང་ལྷན་དུ། ཁྲིམས་འཛུགས་ལས་ཁུངས་བར་བརྗེ་རེས་ཟབ་མོ་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱིས་དངོས་གཉེར་མཉམ་ལས་ཐད་སྔར་ལས་ལེགས་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད།
སང་ཆེ་སི་ཡིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱ་རྒྱུ་ཡིན། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། མི་གཞུང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་ལས་ཁུངས་བར་བརྗེ་རེས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། སི་ཕེན་དང་ཀྲུང་གོ ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་བརྟན་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།