ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་འཕེལ་རིམ་གནས་ཚུལ་དང་སྐོར་གཅིག་ཅན་དྲུག་དང་དམངས་ཕན་འགུལ་སྐྱོད་བདུན། འགོ་ཁྲིད་ཀྱིས་འགན་སྒྲུབ་བྱེད་པའི་འཕྲིན་བཅར་གྱི་དཀའ་གནད་སེལ་བའི་བྱ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས། ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། གྲོས་ཚོགས་ལས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་འཛུགས་ཀྱིས་སྤྱི་བསམ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་གི་ཇུས་ཆོད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ཞིབ་སྡུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། གནད་དོན་འཚོལ་ཞིབ་དང་དག་ཐེར་གཟབ་ནན་བྱེད་པ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་སློབ་གསོའི་ཉེན་བརྡའི་བྱེད་ནུས་འདོན་སྤེལ་བཟང་པོ་བཅས་བྱས་ཏེ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཏོན་ནས་སློབ་སྦྱོང་སློབ་གསོ་ཡག་པོར་སྤེལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐོར་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ནི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་དང་། མང་ཚོགས་ཀྱི་རེ་ལྟོས་ལ་ཨ་ལན་སྤྲོད་པའི་དོན་དངོས་འགུལ་སྐྱོད། ཏང་ཡོན་ལས་བྱེད་པའི་བྱེད་ཕྱོགས་སྦྱོང་བརྡར་གྱི་ལག་ལེན་སློབ་ཚན་ཞིག་ཡིན་པས། གཙོ་གནད་ལ་དམིགས་པ་དང་གནད་འཁེལ་ཤུགས་འདོན་བྱས་ཏེ། དཀའ་ངལ་གདོང་གིས་བསུ་ཕོད་པ་དང་། མི་འདང་ས་གསབ་མཁས་བྱེད་དགོས་ལ། གསོག་གྲངས་ཉུང་གཏོང་དང་འཕར་གྲངས་ཚོད་འཛིན་ལ་ཤུགས་འདོན་པ། བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་བཅངས་ནས་མི་དམངས་མང་ཚོགས་ཀྱི་དོན་དངོས་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། སྐོར་ཞིབ་དང་རྩིས་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་བྱེད་པར་སྐུལ་འདེད་བཏང་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་དངོས་ཁག་ཅིག་འགྲུབ་པར་བྱེད་དགོས། སྔར་ལས་ནུས་ལྡན་ཕན་ཡོད་ཀྱི་སྒོ་ནས་དམངས་ཕན་འགུལ་སྐྱོད་བདུན་ལ་སྐུལ་འདེད་བཏང་སྟེ། གཅིག་འདོམས་བཀོད་གཏོང་ནུས་ཚད་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་སེམས་ཁུར་ལ་དུས་ལྟར་ལན་སྤྲོད་པ། མཐུན་སྦྱོར་ནུས་མཐོའི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འགུལ་སྐྱོད་ཀྱི་གྲུབ་འབྲས་དེ་ཡུན་རིང་དུ་གནས་ཐུབ་ཅིང་རྩ་བ་བརྟན་པའི་ལམ་ལུགས་ཀྱི་དགེ་མཚན་དུ་འགྱུར་བར་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་གྱོད་གཞི་འགན་སྒྲུབ་ཀྱི་རྐྱེན་སྲོལ་གཏིང་ཟབ་དང་སྲ་བརྟན་དུ་བཏང་སྟེ། འགན་ལེན་ལྔའི་འགན་འཁྲིའི་ལམ་ལུགས་དང་ཕྱིར་བཅར་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་། འཕྲིན་བཅར་གྱོད་གཞིར་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། མཉམ་འབྲེལ་གྲོས་མོལ་གྱི་རྐྱེན་སྲོལ་སོགས་འཛུགས་པ། འཕྲིན་བཅར་གྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་བྱེད་པ་སོགས་བྱ་བའི་བྱེད་ཐབས་བཀོལ་སྤྱོད་ལེགས་པོ་བྱས་ནས། འགལ་བ་དང་རྩོད་གཞིར་ཞིབ་བཤེར་དང་འདུམ་སྒྲིག་བྱེད་པ། འགོ་ཁྲིད་ལས་བྱེད་པས་འཕྲིན་བཅར་དང་ལེན་དང་གཞི་རིམ་དུ་བསྐྱོད་པ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཡིད་ཚིམ་པར་བྱེད་པ་དང་གནད་དོན་དངོས་སུ་ཐག་གཅོད་དགོས།

གྲོས་ཚོགས་ལས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་ལས་འགན་གཙོ་བོ་དམིགས་སུ་འཛིན་པ། འགན་འཁྲི་ནན་དཀྲི་ནན་སྡོམ་དང་འཕྲིན་བཅར་ཐག་གཅོད་ནན་འཛིན་བྱས་ཏེ། རྩིས་ཐོ་རྙིང་བ་གཙང་སེལ་དང་འགག་གནད་མེད་པར་བཟོ་བ། མི་འདང་ས་གསབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། སེམས་ཤུགས་གཉིས་བཀོལ་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་པོ་བྱེད་པ་དང་། འཕྲིན་བཅར་གྱོད་གསོག་མེད་པར་བཟོ་བ་དང་འགུལ་རྣམ་གཙང་སེལ་ལ་སྐུལ་འདེད་གཏོང་བ། གོང་འོག་གཅིག་འབྲེལ་དང་གཡས་གཡོན་མཉམ་འགུལ། མཉམ་སྡོམ་མཉམ་འཛིན་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་མཉམ་དུ་ཤུགས་འདོན་པ་དང་།  གཟེར་འདེབས་སྙིང་སྟོབས་དང་བྱེད་ཕྱོགས་ནན་མོར་བརྟེན་ནས། སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་དང་བླང་བྱ་ཁག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

ལིའུ་མའེ་ཕིང་དང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པིའེ་ཁོ་རེ་སུའུ་ལི་ཧན། ཚའོ་ཅུན། ལི་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།