མཚོ་སྔོན་གྱིས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་འདེགས་ཕན་སྐྱེད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས10ཉིན། གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།     མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ཏེ།  གསར་གཏོད་ཀྱི་སྒོ་ནས་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་ཁྱབ་གདལ་བཏང་བ་དང་། ལམ་སྲོལ་མཉམ་འགུལ་གྱི་ཐོག་ནས་གནད་དོན་ཐག་གཅོད་དང་།     མཐུན་སྦྱོར་གྱི་ཐོག་ནས་འགན་སྒྲུབ་ཕན་འབྲས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་འདེགས་ཕན་སྐྱེད་ཡོང་བ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་།

ལམ་སྲོལ་སྟོབས་ལྡན་བཙུགས་ནས་མཐུན་སྦྱོར་མཉམ་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྡེ་ཚན35ནས45བར་ཇེ་མང་དུ་བཏང་ཞིང་། ཏང་སྲིད་མང་ཚོགས་ཚོགས་པ་བཅས་ཀྱི་ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་ལ།     སྡེ་ཁག་གི་བཀག་རྒྱ་གཏོར་བ་དང་ཐོན་ཁུངས་ཀྱི་དགེ་མཚན་སྡེབ་སྒྲིལ་བྱས་ནས་ཨུ་ཡོན་གྱིས་ལས་འགན་སྒྲུབ་པ་དེ“གཞན་དབང་གིས་ཞུགས་པ”ནས“རང་འགུལ་ངང་བྱས་རྗེས་འཇོག་པའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། “ཏང་ཨུས་སྤྱི་འདོམས་བྱེད་པ་དང་།     སྲིད་གཞུང་གིས་འགན་འཁུར་བ།     སྡེ་ཁག་གིས་མཐུན་སྦྱོར།     སྤྱི་ཚོགས་ཟབ་ཞུགས”བཅས་ཀྱི་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་བཙུགས་ཡོད།     གྲོས་མོལ་ཞིབ་གཅོད་དང་གཅིག་འདོམས་མཐུན་སྦྱོར།     ལྟ་སྐུལ་མཛུབ་སྟོན་དང་ཕན་འབྲས་འདྲི་ཞིབ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ།     དུས་ཚིགས་རེར་གྲོས་མོལ་དང་།     ལོ་ཕྱེད་ནང་བརྡ་ཁྱབ་གཏོང་བ།     ལོ་འཁོར་རེར་དཔྱད་ཞིབ་བཅས་ལག་ལེན་བྱས་ཤིང་།     གོང་འོག་སྦྲེལ་མཐུད་དང་གཡས་གཡོན་མཉམ་འགུལ།    མཉམ་འཛིན་མཉམ་སྡོམ་བཅས་ཀྱི་སྒྲིལ་ཤུགས་སྟོབས་ཆེན་ཆགས་ཡོད།    

གཙོ་ཐིག་ལ་དམ་པོར་དམིགས་ནས་མཐུན་སྦྱོར་གྱིས་ལས་འགན་སྒྲུབ་པའི་ཕན་འབྲས་མངོན་ཡོད།     ཨུ་ཡོན་སྡེ་ཚན་ཁག་གིས་འགན་ནུས་ཀྱི་དགེ་མཚན་ལ་རྐང་ཚུགས་ཏེ་རྒྱལ་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་“སྐྱོད་པ་བཅུ”ཡི་བྱེད་སྒོ་སྔོན་ལ་སྤེལ་ཡོད།     ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་གིས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སློབ་གསོ་དྲིལ་སྒྲོག་གི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས། འབྲེལ་ཡོད་ནང་དོན་སྒྲོག་སྤེལ་བྱེད་ཚད་མི་ཐེངས་བྱེ་བ་བཞི་ས་ཡ་དྲུག་དགུ་འབུམ་བཞི་ཁྲི་ལས་བརྒལ།     འགྲོ་འོང་བརྗེ་རེས་མཉམ་འདྲེས་གསུམ་གྱི་བྱ་སྤྱོད་ཁག་བཅུ་ལག་བསྟར་གཏིང་ཟབ་བྱས་པ་དང་།     མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་མ་དངུལ་གཅིག་འདོམས་བྱས་ཏེ།     མི་རིགས་བར་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་བཏང་བ་དང་།    མཁར་སྡེའི“སེ་འབྲུ་ཁྱིམ་གཞིས”388བསྐྲུན་ཡོད།     “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ཞིང་ཆེན་ཡོངས་ཀྱིས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཕྱོགས་ལ་མ་དངུལ་སྒོར་ཐེར་འབུམ་གཉིས་བྱེ་བ་གཉིས་ས་ཡ་གཉིས་བཏང་བ་དང་། ལས་གཞི1400ལྷག་དོན་འཁྱོལ་བྱས་ཤིང་། “འཐེན་ཐུག་དཔལ་འབྱོར”དང“མཚོ་སྔོན་གཙགས་དྲུབ་ཐོན་ལས”སོགས་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱས་ཏེ། མང་ཚོགས་འབུམ་ཕྲག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ལ། དམངས་འཚོའི་གཏོང་སྒོའི་བསྡུར་ཚད་བརྟན་བརླིང་ངང75%ཡན་ཟིན་ཡོད།    

གསར་སྐྲུན་གྱིས་སྣེ་ཁྲིད་གཏིང་ཟབ་ཏུ་བཏང་ནས་མཚོ་སྔོན་གྱི་ཁྱད་ལྡན་དཔེ་གཞི་བཏོད་ཡོད།     མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་ལས་དོན་འཐུས་ཚང་དུ་གཏོང་བའི་ལག་བསྟར་བསམ་འཆར་བཏོན་པ་དང་།     “གནད་འགག་ཆུང་ངུ”20ནས་འགོ་ཚུགས་ཏེ་གསར་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ཡོད།     མིག་སྔར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མ་དང་རྫོང98%ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་གསར་སྐྲུན་ལེགས་གྲུབ་བྱུང་བ་དང་། རིམ་པ་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི119བསྐྲུན་པ་དང་། རྒྱལ་ཡོངས་དང་དེ་བཞིན་རིམ་པ་ཁག་གི་སྔོན་ཐོན་དཔེ་མཚོན4000ལྷག་བདམས་ཏེ། ཨུ་ཡོན་ལམ་ལུགས་ཀྱི་མཐུན་སྦྱོར་མཉམ་སྐྱོང་གི་དགེ་མཚན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི“མཚོ་སྔོན་གྱི་དཔེ་གཞི”བཏོད་ཡོད།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།