སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ”དང“ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གིས་བསྐྲུན་དགོས”པ་ནན་གྱིས་བསྟན་ཡོད།  ཧི་ནན་དང་ཞིན་ཅང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་སྤུས་ལེགས་འཕེལ་རྒྱས་ལ་ནུས་གསོག་ཤུགས་འདོན་བྱེད་བཞིན་ཡོད།

ད་ལྟ།  ཧོ་ནན་ཀྲིན་ཀྲོའུ་ཤིན་ཀྲེང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སྐམ་སའི་གྲུ་ཁ་རུ་བསྡུ་འགྲེམས་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་མགྱོགས་མྱུར་གྱིས་སྐྲུན་བཞིན་ཡོད་པ་དང་།  ལས་གཞི་དེ་ཀྲིན་ཀྲོའུ་མཁའ་འགྲུལ་གྲུ་ཁ་ཁུལ་གྱི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁུལ་དུ་གནས་ཡོད།  ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་(ཀྲེང་ཀྲོའུ)འདུ་འཛོམས་ལྟེ་གནས་དང་ཐག་ཉེ་ཞིང་།  སྔོན་དཔག་བྱས་ན་ཟླ་བདུན་པའི་ཟླ་མཇུག་ཏུ་འཛུགས་སྐྲུན་འགྲུབ་ནས་ཟླ་བཅུ་པའི་ཟླ་མཇུག་ཏུ་འཁོར་སྐྱོད་བྱ་རྒྱུ་ཡིན་ལ།   སྐབས་དེ་དུས་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་དཔྱ་ཁྲལ་འགན་ལེན་དང་།  རྩ་ཆག་གཏོང་བ།  ཁྲལ་སློག་སོགས་སྲིད་ཇུས་ཀྱི་ནུས་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།

ཀྲིན་ཀྲོའུ་མཁའ་འགྲུལ་ལྟེ་གནས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ། ཀྲའོ་ཡའོ་ལའེ་ཡིས་བཤད་རྒྱུར། ང་ཚོས་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།  རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི“ཁྲལ་སྲུང་”གི་ནུས་པ་འཐུས་ཚང་དུ་གཏོང་བ་དང་། “མཁའ་འགྲུལ་གྲུ་ཁ་དང་སྐམ་སའི་གྲུ་ཁ”ཡི་འགག་སྒོ་མཉམ་འགུལ་གྱི་དགེ་མཚན་འདོན་སྤེལ་བྱས་ནས།  ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ནུས་རིམ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། སྟོབས་དང་ལྡན་པའི་ཧི་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོའི་མཁའ་འགྲུལ་གྲུ་ཁའི་འདེགས་སྐྱོར་ཡན་ལག་ས་ཚིགས་འཛུགས་རྒྱུ་ཡིན་ཟེར།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་འགག་གནད་མཐའ་གཅིག་ཏུ་མེད་པར་བཟོས་པ་དང་། ས་གནས་སྲུང་སྐྱོང་དང་ཚོང་ར་ལོགས་འབྱེད་མེད་པར་བཟོས་ཏེ། ཚོང་ཟོག་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱ་དགོས་པ་བསྟན། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་། ཧི་ནན་གྱིས་སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་གཉེར”དང“དྲ་གཅིག་ཀུན་ཁྱབ”།“དྲ་གཅིག་མཉམ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་བབ་ཀྱི་དགེ་མཚན་ལ་བརྟེན་སྟེ། ལྷོ་བྱང་སྦྲེལ་མཐུད་དང་། ཤར་ནུབ་ཤར་གཏོང་།  ཕྱི་ནང་རྒྱ་ཁྱབ་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། མཁའ་ལམ་དང་གྲུ་ཁ། མྱུར་བགྲོད་ལྕགས་ལམ་སོགས་འགག་རྩའི་དཔལ་འབྱོར་རྒྱ་ཆེན་སྟོབས་ལྡན་དུ་བཏང་ནས།  ཧོ་ནན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོར་ཞབས་འདེགས་ཞུ་བའི་ནང་མཉམ་འདྲེས་ཡོང་བར་རམ་འདེགས་བྱས།

ཧོ་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།  མ་ཅན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཧོ་ནན་གྱི་དབུས་ཁུལ་ཆེན་པོ་དང་།  ལྟེ་གནས་ཆེན་པོ།  ཚོང་ར་ཆེན་པོ་སོགས་ཀྱི་བསྡུར་གཞི་ཡོད་པའི་དགེ་མཚན་ལ་གཞིགས་ཏེ། དངོས་ཟོག་འགྲེམས་སྐྱེལ་བགྲོད་ལམ་དང་། འཛད་སྤྱོད་ཚོང་དོན།  རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག   ཐོན་ལས་སྦྲེལ་མཐུད་བཅས“ལྟེ་གནས་བཞི་”འཛུགས་སྐྲུན་གང་མགྱོགས་བྱས་ཏེ། ཚོང་རའི་འགྲན་རྩོད་དང་། ཚོང་འགུགས་དངུལ་འདྲེན།   སྲིད་གཞུང་གི་ཉོ་སྒྲུབ།  སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་སོགས་ཐད་ཀྱི་དཀའ་ས་དང་ཁེགས་ས་མཐའ་གཅིག་ཏུ་སེལ་ནས།  རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོའི་ཁྲོད་ཀྱི་ཧོ་ནན་གྱི་འཁོར་སྐྱོད་ཆེར་གཏོང་ཕན་ནུས་དང་འཐབ་ཇུས་སྦྲེལ་མཐུད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

ཅང་མ་འགོར་བའི་སྔོན་ལ།   ཤིན་ཅང་ཁ་ཧྲེ་ཡི་ཁྲལ་སྲུང་མཛོད་ཐོ་སྐོར་ཚོང་ལས་སྒོ་ཐོག་མ་དངོས་སུ་ལག་བསྟར་བྱས།  ལས་སྒོ་འདིས་ཁྲལ་སྲུང་ཁུལ་དུ་དངོས་ཟོག་མི་སྤོ་བ་དང་མཛོད་ཐོ་ཁོ་ན་ཉོ་ཚོང་བྱེད་པ་དང་། དུས་མཚུངས་རྒྱལ་ཁབ་ཕྱི་ནང་གི་དངུལ་ལོར་གཏོང་སྤྲོད་མངོན་འགྱུར་བྱེད་ཐུབ།   ལས་སྒོ་སྒྲུབ་པའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་པ་མ་ཟད། ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་ལས་ཕྱོད་ཀྱང་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

ཤིན་ཅང་ཀྲུང་ཀྲེན་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་ནོར་དོན་འགན་འཁུར་བ། ཨ་ལི་ཡེ·དབྱི་མཱ་མུའུ་ཡིས་བཤད་རྒྱུར། ལས་སྒོའི་བརྒྱུད་རིམ་ཧྲིལ་པོ་དྲ་ལམ་ཏུ་སྤེལ་བ་དང་གཅིག་འཐུས་རྣམ་པའི་ཐོག་ནས་བསྒྲུབ་ཐུབ་ཅིང་། ཕྱི་རྒྱལ་གྱི་དངུལ་བརྗེས་དང་དངུལ་ཁང་སོགས་སྡེ་ཁག་གྱི་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་སྒྲུབ་པ་དང་ལས་ཕྱོད་ཆེ་ལ་སྟབས་བདེ་བས་ཁེ་ལས་ཀྱི་རྩ་བ་ཚུགས་ནས་འཕེལ་རྒྱས་ལ་དེ་བས་གདེང་ཚོད་ཡོད་པར་བྱས་ཡོད་ཟེར།

ད་ལོའི་ཚུན་དུ། ཁ་ཧྲི་ས་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ།  སྡོམ་རྩིས་བྱས་ན་ལམ་ལུགས་གསར་གཏོད་ཀྱི་ལག་ལེན་དཔེ་མཚོན་81ཆགས་པ་དང་། ཁ་ཧྲི་རང་མོས་ཉོ་ཚོང་ཁུལ་དུ་ཁེ་ལས་305མང་དུ་ཕྱིན་ཡོད་ལ།  དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་གྲངས་ཆུང་གསུམ་བརྒྱད་འཕར་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་གཏོད་དགོས་པ་བཏོན་ཡོད།  ད་ལོའི་ཟླ3པར། ཤིན་ཅང་གིས《རང་སྐྱོང་ལྗོངས་ཀྱི་2026ལོར་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འགག་སྒྲོལ་འགུལ་སྐྱོད་ཇུས་གཞི》བཏོན་ནས་ཆེད་དོན་འགུལ་སྐྱོད་ཆེན་པོ་ལྔ་སྤེལ་བ་དང་ཞིབ་ཕྲའི་བྱ་ཐབས་16བཏོན་ནས། གཉེར་སྐྱོང་གི་གཙོ་གཟུགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་ས་དང་ཁེགས་ས་གནད་འཁེལ་སྒོས་སེལ་ཡོད།  ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་། ཞིན་ཅང་གིས“ཕན་ནུས་ཆེ་བའི་སྒོ་ནས་བྱ་བ་ཞིག་བསྒྲུབ”པའི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ།  ས་ཁུལ(ཁུལ་དང་གྲོང་ཁྱེར)ལ་རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་འགན་དབང་ཁག་ཅིག་སྤྲོད་པར་སྐུལ་འདེད་བརྟན་པོ་བཏང་སྟེ།  ཝུའུ་རུམ་མུ་ཆི་དང་ཁྲང་ཅི་སོགས་ས་ཁུལ་གྱི་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན།  རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས་ཀྱིས་སྣེ་ཁྲིད་བྱས་ནས།   ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།