མཚོ་སྔོན་གྱིས“དགུན་དུས་སུ་དྲོད་ཁོལ་སྐྱེལ་བ”ཞེས་པའི་ཆེད་དོན་རོགས་སྐྱོར་འགུལ་སྐྱོད་བདེ་ལེགས་ངང་ལེགས་འགྲུབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4བའི་ཚེས10ཉིན། 2025ལོ་ནས2026ལོའི་མཚོ་སྔོན་ཞིང་ཆེན“དགུན་དུས་སུ་དྲོད་ཁོལ་སྐྱེལ་བ”ཞེས་པའི་ཆེད་དོན་རོགས་སྐྱོར་དགུལ་སྐྱོད་བདེ་ལེགས་མཇུག་སྒྲིལ། འདི་ནི་མཚོ་སྔོན་གྱིས་བསྟུན་མུར་ལོ13ལ་སྤེལ་བའི་ཆེད་དོན་བྱ་འགུལ་ཡིན།

ཆེད་དོན་བྱ་འགུལ་གྱི་སྐབས་སུ། ཞིང་ཆེན་ཡོངས་ནས་ཁྱོན་སྡོམ་ཁྲོམ་སྲང་སྐོར་ཞིབ་ཐེངས་ཁྲི་གཅིག་དང་སྟོང་བཞི་བདུན་བརྒྱ་སྤེལ་བ་དང་། མྱུར་སྐྱོབ་རླངས་འཁོར་ཐེངས་སུམ་སྟོང་བརྒྱད་བརྒྱ་ང་དྲུག་བཏང་ཡོད། ཕ་ཡུལ་དུ་སྲུང་སྐྱེལ་བྱས་པའི་མི51དང་། ཕྱི་ནས་གསོ་སྐྱོང་བྱས་པའི་མི་གཉིས། གཞིས་ཆགས་བདེ་འགོད་བྱས་པའི་གཉིས། དགུལ་སྐྱེལ་དངོས་ཟོག་སྟོང་དགུ་ལྔ་བརྒྱ་སོ་གཅིག་དང་། སྲིད་ཇུས་སྒྲོག་འགྲེལ་ཐེངས་ཉེར་བརྒྱད། དྲིལ་བསྒྲགས་ལག་དེབ་བཞི་སྟོང་བརྒྱད་བརྒྱ་བྱིན་ཡོད། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་བརྒལ་ནས་སྒྲུབ་པའི་ལས་དོན་བརྒྱད། ཞིང་ཆེན་བརྒལ་ནས་མཐུན་སྦྱོར་ཐག་གཅོད་བྱས་པའི་ལས་དོན་གཉིས་བཅས་ཡོད།

2025ལོའི་ཟླ10བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་དགུན་དུས་ཀྱི་དཀའ་ངལ་ཆེ་བའི་མང་ཚོགས་ལ་འཚོ་བའི་འགན་སྲུང་བྱ་བ་ལེགས་པོ་སྒྲུབ་པའི་སྐོར་གྱི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ལ་གཞུང་ཕྱོགས་འབྲེལ་མཐུད་དང་། དམངས་སྲིད་དང་སྤྱི་བདེ། གྲོང་ཁྱེར་དོ་དམ་སོགས་སྡེ་ཁག་མང་བོར་འཕྲེལ་ཕྱོགས་མཐུན་སྦྱོར་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་། སྲིད་ཇུས་དོན་འཁྱོལ་བྱེད་པ་དམ་འཛིན་བྱས་ཏེ། འཁྱམ་པོ་སྤྲང་བོ་སོགས་གནས་སྐབས་དཀའ་ངལ་ཅན་གྱི་མི་སྣའི་གཞི་རྩའི་འཚོ་བའི་ཚད་མཐའ་བརྟན་སྲུང་བྱས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།