རང་ཞིང་གི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས“མཛེས་སྡུག་གི་མཚོ་སྔོན”འཛུགས་སྐྲུན་གྱི་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་གྱི་ལོ་འཁོར་དང་པོའི་དུས་ཡུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས10ཉིན། རང་ཞིང་གི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས“མཛེས་སྡུག་གི་མཚོ་སྔོན”འཛུགས་སྐྲུན་གྱི་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་གྱི་ལོ་འཁོར་དང་པོའི་དུས་ཡུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ལོ་འཁོར་དང་པོའི་དུས་ཡུན་གྱི་བྱ་བའི་ཕན་འབྲས་སྤྱི་བསྡོམས་དང་། ལོ་འཁོར་གཉིས་པའི་དུས་ཡུན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཏང་ཨུའི་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཞོན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་བསྟན་དོན། “མཛེས་སྡུག་གི་མཚོ་སྔོན”འཛུགས་སྐྲུན་གྱི་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། དམངས་གཙོའི་ལྟ་སྐུལ་གྱི་ཐབས་ལམ་རྒྱ་བསྐྱེད་པ་དང་།     ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ།     ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་ཞུགས་ཏང་གི་ས་གནས་རྩ་འཛུགས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་པ།     རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་གཅིག་གི་རིང་ལ། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཤེས་ཡོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་རང་གི་ཁྱད་སྟོབས་ལ་གཞི་ཚུགས་ཏེ། ཁ་གཏད་གྲོང་ཁྱེར་དང་ཁུལ་དུ་ཟབ་ཞུགས་བྱས་ནས་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་།     གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་འབོར་ཆེན་བསྒྲུབས་པས།     “འགོ་ལེགས་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་བའི”དམིགས་འབེན་མངོན་འགྱུར་བྱས།

གྲོས་ཚོགས་ལས“མཛེས་སྡུག་གི་མཚོ་སྔོན”འཛུགས་སྐྲུན་གྱི་ཆེད་དམིགས་དམངས་གཙོའི་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་བའི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།     “གཙོ་གནད་ལས་འགན་གྱི་འཕེལ་རིམ་ལ་དམིགས་པ་དང་འགག་རྩ་ལས་སྒྲོལ་བ།  ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ”བཅས་ཀྱི་ལྟེ་བའི་བརྗོད་བྱ་གཙོ་བོ་དམ་པོར་དམིགས་ནས། བརྟག་ཞིབ་དང་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ་དང་།     གྲུབ་འབྲས་ཚུལ་སྒྱུར་ལ་སྐུལ་འདེད།     མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ།     ལྟ་སྐུལ་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ཐོལ་བརྒལ་གསར་བ་མངོན་འགྱུར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་།     མཐུན་སྦྱོར་རྐྱེན་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།     དུས་ཐོག་ཏུ་ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་རྒྱ་ཆེར་སྤེལ་བ་བཅས་བྱས་ནས། ཆེད་དམིགས་དམངས་གཙོའི་ལྟ་སྐུལ་བྱ་བར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པར་ཁག་ཐེག་བྱས་ཏེ།     “མཛེས་སྡུག་གི་མཚོ་སྔོན”གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།