2026ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལས་བྱེད་པའི་ལྟ་སྐུལ་བྱ་བར་འབྲེལ་བའི་མངའ་ཁོངས་རྒྱ་ཆེ་ཞིང་ཁྱབ་ཁོངས་ཆེ་ལ།  མུ་ཕྲེང་རིང་བ་བཅས་ཡིན་པས། མ་ལག་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པ་དང་། སྣ་མང་གཙོ་གཟུགས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་མཉམ་དུ་ཟབ་ཞུགས་བྱ་དགོས། བྱ་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་སྟེ། ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་ནི་ཆབ་སྲིད་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱེལ་བྱེད་པའི་དངོས་ཡོད་ཀྱི་བླང་བྱ་ཡིན་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡང་ཡིན་པར་ངོས་འཛིན་གཏིང་ཟབ་བྱ་དགོས། འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ་མུ་མཐུད་དུ་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། གནད་དོན་ལ་མཉམ་དུ་ཞིབ་འཇུག་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བ།     མཉམ་དུ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།   གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་དང་ཕན་འབྲས་དངོས་བརྩོན་ལེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལྟ་སྐུལ་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ་དང་།     ལྟ་སྐུལ་གྱི་འགྲིལ་ཤུགས་ཆགས་པར་བྱེད་པ།     མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་ཁྱད་སྟོབས་ཏེ་དངོས་ཡོད་ཀྱི་ལྟ་སྐུལ་ནུས་ཕྱོད་ཏུ་ལེགས་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།  

གྲོས་ཚོགས་ལས་བསྟན་དོན། ཁོངས་མིའི་ལས་ཁུངས་སོ་སོས་གཙོ་གཟུགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས།  “མིག་མང་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་།     རྒྱུན་རྣམ་གྱི་འབྲེལ་གཏུག་ལ་ཤུགས་སྣོན་པ།  བྱ་བ་སྣ་ཚོགས་གཏིང་ཟབ་དང་ལེགས་སྒྲུབ། ཞིབ་ཚགས་བཅས་བྱས་ནས་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་ནུས་ཆེའི་འཁོར་སྐྱོད་དང་རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་སྐུར་བ་དང་སྒྲུབ་པ། ལན་སྤྲོད་པ་བཅས་ཀྱི་མུ་ཕྲེང་ཧྲིལ་པོའི་བྱ་བའི་བརྒྱུད་རིམ་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་བརྡ་ཁྱབ་སྤེལ་བ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་བཅས་བྱས་ནས་བྱ་བའི་གདུབ་ཟུམ་རྣམ་པ་ཆགས་པར་བྱེད་དགོས།  སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཆེད་མི་བདམས་ནས་ཆ་འཕྲིན་སྙན་ཞུ་དང་རྩིས་ཐོ་དོ་དམ་སོགས་ཀྱི་བྱ་བར་འགན་འཁུར་དུ་བཅུག་སྟེ། མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་བདེ་འཇགས་དང་ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས།

ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལ་ཁོངས་མིའི་ལས་ཁུངས་ཞུགས་ཡོད་པ་དང་། མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གི་ཁོངས་མི་ཚོགས་འདུར་ཟུར་ཞུགས་བྱས། ཚོགས་འདུའི་སྟེང་། མཉམ་འབྲེལ་གྲོས་ཚོགས་ཁོངས་མིའི་ལས་ཁུངས6གིས་བརྗེ་རེས་གཏམ་བཤད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།