རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི(ནང་སོག)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི(ནང་སོག)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས།《སྤྱིའི་ཇུས་གཞི》ལས། ཏང་ཀྲུང་དབྱང་གིས་ནང་སོག་ལ་སྤྲད་པའི་འཐབ་ཇུས་ངེས་གནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དེ་དུས་རབས་གསར་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པར་འཛུགས་སྐྲུན་བྱེད་པ། ནང་སོག་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མཐའ་མཚམས་མི་རིགས་ས་ཁུལ་གྱི་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས“དཔེ་སྟོན་རང་སྐྱོང་ལྗོངས”འཛུགས་སྐྲུན་ཐད་རོགས་འདེགས་བྱེད་དགོས་ཞེས་བསྟན་ཡོད། 

《སྤྱིའི་ཇུས་གཞིའི》ནང་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལ་བཅོས་བསྒྱུར་གྱི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་དང་། སྔོན་སྐྱོད་ཚོད་ལྟ་བྱེད་པར་སྐུལ་མ་བྱས་ནས། ཁྱབ་ཁོངས་སྔར་ལས་ཆེན་པོ་ནས་རིམ་པ་སྔར་ལས་ཟབ་པའི་གསར་གཏོད་རང་བཞིན་དང་ལེགས་བསྡུས་རྣམ་པ། བར་ཁྱད་ཡོད་པའི་འཚོལ་ཞིབ་སྤེལ་དགོས། མཐའ་མཚམས་མང་ཚོགས་ཀྱི་ཕན་ཚུན་ཉོ་ཚོང་གསར་གཏོད་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་རྩོལ་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་བཀོལ་སྤྱོད་ཕན་ནུས་ཆེ་རུ་གཏོང་བ། ཁྱབ་ཁོངས་མང་པོའི་ཕྱི་ཕྱོགས་བརྗེ་རེས་རྒྱ་སྐྱེད་པ་སོགས་ཕྱོགས19ཐད་ཀྱི་བཅོས་བསྒྱུར་གསར་གཏོད་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཕྱི་ནང་སྦྲེལ་མཐུད་དང་ཉེ་འཁོར་ལ་ཁྱབ་པའི་ཆ་འཕྲིན་བརྗེ་རེས་ལྟེ་གནས་དང་། འགྲིམ་འགྲུལ་ཟོག་འགྲེམས་ལྟེ་གནས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས། གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས། ཐོན་ལས་མཉམ་ལས་ལྟེ་གནས་གསར་བསྐྲུན་བྱེད་དགོས་ཞེས་བསྟན་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།