མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྐྱེ་ཁམས་འགན་སྲུང་གིས་སྐྱེ་ཁམས་དཔལ་ཡོན་ཀྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་བསྐྲུན་བྱས་ནས། ལག་རྩལ་གྱིས་མདུན་ལམ་ལ་འོད་སྣང་སྦྱིན་པའི་འགུལ་སྐྱོད་བྱ་སྤྱོད་གཙོ་གནད་དུ་འཛིན་པ་དང་། གཞི་ཁྱོན་ཆེ་བའི་སྒོ་ནས་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་སྤེལ། གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རྩལ་ནུས་འཇོན་མིའི་སྤྱིའི་གྲངས་འབོར་འབུམ་ལྔ་དང་སྟོང་བརྒྱད་ལ་བསླེབས་པ་དང་། རྩལ་ནུས་མཐོ་བའི་འཇོན་མིའི་སྤྱིའི་གྲངས་འབོར་འབུམ་གཅིག་དང་ཁྲི་གཅིག་ལས་བརྒལ།
གནད་འཁེལ་ཅན་གྱི་གསོ་སྦྱོང་ཐད། མཚོ་སྔོན་གྱིས་ཐོན་ལས་ལ་མི་ཅི་འདྲ་མཁོ་ན་དེ་འདྲ་གསོ་སྐྱོང་བྱེད་མཐའ་འཁྱོངས་བྱས་ཏེ་དྭགས་གཙང་ནུས་ཁུངས་དང་། ལྗང་མདོག་རྩིས་ནུས། ཚྭ་མཚེའུ་རྫས་འགྱུར་བཟོ་ལས། སྐྱེ་ཁམས་ཡུལ་སྐོར། འཚོ་བའི་ཞབས་ཞུ་སོགས་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ལ་དམིགས་ནས་གཞི་གྲངས་ཐོག་ནས་ཐོན་ལས་ཤེས་ལྡན་མི་སྣའི་དཔུང་སྡེར་སྔ་སྣུར་གྱིས་བཀོད་སྒྲིག་དང་། གཞི་གྲངས་ཚད་ལྡན་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་དོན་ཚན་ཉི་ཤུའི་བྱ་ཐབས་བཟོས་ནས་མི་ཐབས་རིག་ནུས་སྦྱོང་བརྡར་སོགས་ལས་རིགས་གསོ་སྦྱོང་གི་ཁ་གསབ་དཀར་ཆག་ནང་ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་ཕྱོགས་བཞི་གཞི་གཅིག་ཅན་གྱི་རྣམ་པ་ཁྱབ་བརྡལ་བཏང་ནས། ལྗང་མདོག་རྩིས་ནུས་ཁེ་ལས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ལ་དམིགས་ཏེ། མིས་བཟོས་རིག་ནུས་སྦྱོང་བརྡར་དགེ་རྒན་སོགས་འབྲེལ་ཡོད་ལས་རིགས་གསོ་སྦྱོང་གནད་ལ་འཁེལ་བའི་སྒོ་ནས་སྤེལ་ཏེ། ཁེ་ལས་དོན་འཁྱོལ་དང་ཤེས་ལྡན་མི་སྣའི་རྗེས་འདེད་མངོན་འགྱུར་བྱེད་དགོས།
རྩལ་འགྲན་སྣེ་ཁྲིད་ཐད་མཚོ་སྔོན་གྱིས་ཁྱད་ཆོས་ལྡན་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་མ་ལག་བཙུགས་ཏེ། ལྗང་མདོག་རྩིས་གློག་དང་ཁྱིམ་ལས་ཞབས་ཞུ་སོགས་ལས་རིགས་ཀྱི་འགྲན་བསྡུར་སྣ14སྤེལ་བས། ལས་གནས་འབུམ་གཅིག་ལྷག་ཙམ་གྱི་ལས་གནས་སྦྱོང་བརྡར་དང་ལག་རྩལ་འགྲན་བསྡུར་ལ་སྐུལ་ཁྲིད་བྱས་པ་དང་། ཀྲུང་ཧྭའི་རྩལ་ནུས་བྱ་དགའ་ཆེན་མོ་ཐོབ་མཁན་ཧྲི་ཁོན་སོགས་སྣེ་ཁྲིད་ཤེས་ལྡན་མི་སྣ་སྐོར་ཞིག་བྱུང་བ་དང་རྩལ་ནུས་ཤེས་ལྡན་མི་སྣར་གོང་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད།