མཚོ་སྔོན་ཞིང་ཆེན་གྱིས4·15དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བཅའ་ཁྲིམས་ཁྱབ་བརྡལ་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཅུ་གཅིག་པ་སླེབས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས 2026ལོའི4·15དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བཅའ་ཁྲིམས་ཁྱབ་བརྡལ་དྲིལ་སྒྲོག་བྱེད་སྒོ་སྤེལ་བའི་བརྡ་སྦྱོར་དཔར་འགྲེམས་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་ནས་རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་བཏང་།

ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱེད་སྒོའི་བརྗོད་དོན་ནི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་བར་སྲུང་སྐྱེལ་བྱ་ཞེས་པ་དེ་རེད། དྲིལ་སྒྲོག་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དེའི་ཕུན་སུམ་ཚོགས་པའི་འཕེལ་རྒྱས་གྲུབ་འབྲས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ། དུས་རབས་གསར་བའི་རྒྱལ་ཁབ་བདེ་འཇགས་ལས་རིགས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དང་བླང་བྱ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། རྒྱལ་ཁབ་ཁ་བྲལ་ལ་རྒོལ་བའི་བཅའ་ཁྲིམས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། རྒྱལ་ཁབ་གསང་སྲུང་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་བཅུ་ལྷག འཕེལ་རྒྱས་དང་བདེ་འཇགས་ཞེས་པའི་དོན་ཆེན་འདི་གཉིས་ལ་གཅིག་འདོམས་གང་ལེགས་བྱས་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་གཏོང་བ་བཅས་རེད།

བརྡ་སྦྱོར་གྱིས་བརྗོད་དོན་གཅིག་པའི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོར་བཀོད་སྒྲིག་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ལས་ཁུངས་སུ་བསྐྱོད་པ་དང་གྲོང་སྡེར་བསྐྱོད་པ། གཞིས་ཁུལ་དུ་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ། དམག་སྒར་རུ་བསྐྱོད་པ་སྟེ། བསྐྱོད་པ་དྲུག་གི་ཁྲིམས་ཁྱབ་བྱེད་སྒོ་དང་ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ཁྱབ་གཞུང་སྒྲུབ་ཁང་གིས་བསྒྲུབས་པའི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་ལྟ་བའི་ཁྲིམས་ལུགས་ཤེས་བྱའི་དྲ་ལམ་རྒྱུགས་ལེན་བྱེད་སྒོར་ཞུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་སྤྱི་ཕན་སློབ་ཁྲིད་ལས་དམངས་ཡོངས་ཀྱིས་ཁྲིམས་སློབ་པ་དང་གསང་སྲུང་ཤེས་བྱའི་རྒྱུགས་ལེན་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་སློབ་པ། དྲིལ་སྒྲོག་གི་རྣམ་པ་ཆགས་པར་བྱ་དགོས། དེ་དང་མཉམ་དུ་ས་གནས་སོ་སོ་དང་སྡེ་ཁག་སོ་སོས2026ལོའི4·15དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བཅའ་ཁྲིམས་ཁྱབ་བརྡལ་དྲིལ་སྒྲོག་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་རྒྱུ་དེ་ཟླ་རེར་བརྗོད་དོན་རེའི་བཅའ་ཁྲིམས་ཁྱབ་བརྡལ་བྱེད་སྒོའི་གཙོ་གནད་ལས་འགན་དུ་བརྩིས་ནས་ལག་བསྟར་ནན་མོ་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་ནང་དོན་གཙོ་བོར་དམ་དུ་སྦྲེལ་ནས་དམིགས་གཏད་ཡོད་པའི་སྒོ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་དགོས་ལ། ཕན་ཚུན་མཉམ་འདྲེས་ཀྱི་བརྒྱུད་སྒྲོག་དང་དབྱིངས་ཞུགས་རྣམ་པའི་མྱོང་རོལ་ཤུགས་དྲག་ཏུ་གཏོང་དགོས་ལ། མང་ཚོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཤེས་བྱ་གོ་སླ་བ་དང་ཡིད་ལ་འཛིན་བདེ་བ། སྤྱོད་བདེ་བ། སྒྲོག་བདེ་བར་བྱ་དགོས། བཅའ་ཁྲིམས་ཤེས་མཁན་དང་སློབ་ཆེན་སློབ་མའི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ། ཁྲིམས་ཁྱབ་དང་བླངས་པ་སོགས་སྤྱི་ཚོགས་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ཏེ་གཞི་རིམ་དུ་ཡོང་ནས་ཁྲིམས་ཁྱབ་བྱེད་སྒོ་སྤེལ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།