ཟླ4བའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། G6ཅིན་བོད་མྱུར་ལམ་གྱི་གུང་ཧོ་ཞབས་ཞུ་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཐཱན་མེད་པའི་ཞབས་ཞུ་ཁུལ་ཐོག་མའི་དཔེ་སྟོན་རྣམ་གྲངས་ཡིན་པའི་ཆ་ནས། ནུས་ཁུངས་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། ཐཱན་མེད་པ་བཅས་ཀྱི་དམིགས་ཡུལ་གཙོ་བོར་དམིགས་ནས། མ་ལག་ལྡན་པའི་སྒོ་ནས་བཟོ་བཀོད་ཀྱི་ནུས་ཁུངས་གྲོན་ཆུང་བཅོས་བསྒྱུར་དང་། འོད་ནུས་ཀྱི་ཁྱབ་ཚུལ་འཛུགས་བསྐྲུན་བྱེད་པ། བློ་གྲོས་དང་མ་ལག་ལྡན་པའི་སྒོ་ནས་བྱེད་ཐབས་གཙོ་བོ་གསུམ་གསར་འཛུགས་བྱེད་པ། ལྗང་མདོག་ནུས་ཁུངས་མཁོ་འདོན་དང་རིག་ནུས་ནུས་མཐོའི་ལས་གཉེར། ཐཱན་ཉུང་དང་མི་དམངས་ལ་ཕན་བདེ་བསྐྲུན་པའི་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལས་གཉེར་མ་ལག་གསར་འཛུགས་བྱས་པ་དང་། ལོ་གཅིག་གི་ལག་ལེན་བརྒྱུད་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྒྱུགས་ལན་བཟང་བོ་སྤྲད་ཡོད།
2025ལོའི་ཟླ4པའི་ཚེས1ཉིན། ཐཱན་མེད་པའི་ཞབས་ཞུ་ཁུལ་གྱིས་རིག་ནུས་ཚོད་འཛིན་མ་ལག་དྲ་ཐོག་ནས་འཁོར་སྐྱོད་བྱས་པ་དང་། ད་ལྟའི་བར་དུ། གུང་ཧོ་ཡི་ཐཱན་མེད་པའི་ཞབས་ཞུ་ཁུལ་གྱིས་ནུས་ཁུངས་བེད་སྤྱོད་དང་མ་རྩ་ཇེ་དམར་གཏོང་བ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།