ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་འབེན་དམིགས་ཤུགས་རྒྱག་དུ་རྣམ་པ་གསར་བ་བཏོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཉེ་ལམ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་ཁག་གིས་ལོ་འདིའི་དམིགས་ཡུལ་གཏན་འཁེལ་བྱས་ནས་གཅིག་འདོམས་ཀྱིས་༢༠༢༦ལོའི་མཚོ་སྔོན་རོགས་སྐྱོར་གྱི་བྱ་བའི་གཙོ་གནད་བཀོད་སྒྲིག་དང་། མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཡོངས་ལ་སྐུལ་འདེད་བཏང་ནས་བསམ་པའི་འཆར་འགོད་དང་ལག་ལེན་གཅིག་གྱུར་ཐོག་ཏང་ཀྲུང་དབྱང་གི་ཐག་གཅོད་དང་ཀྲུང་ཨུའི་ལས་ཀའི་བཀོད་སྒྲིག་སྟེང་ཡོང་དགོས་པ་མ་ཟད། ལས་ཀའི་གཙོ་འགན་གནད་དུ་བཟུང་ནས་དེའི་ཐོག་ཏུ་ཤུགས་སྣོན་རྒྱག་དགོས།

ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་ཁག་གི་ཆེས་ཐོག་མའི་འཐུས་ཚང་གི་བྱ་བ་ཡོངས་འགྲུབ་ཀྱི་ལོ་ཡིན་པའི་ཆ་ནས། ལས་ཀའི་ལྟེ་བ་གཙོ་གནད་དུ་བཟུང་ཞིང་། ཞིང་ཆེན་ཁག་དང་། གྲོང་ཁྱེར་སོ་སོའི་བཀོད་འདོམས་པུའུ་དང་།  ལས་དོན་ཚོགས་ཁག།  ཞིང་ཆེན་ཐད་གཏོགས་དོ་དམ་ཚོགས་ཁག་བཅས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་གཅིག་འདོམས་བཀོད་སྒྲིག་གིས་ལོ་ཧྲིལ་བོའི་ལས་ཀའི་འཆར་འགོད་ལ་གྲོས་གཞི་བཏོན་པ་དང་། བྱ་བ་སོ་སོ་ཚད་མཐོན་པོའི་ངང་མདུན་སྐྱོད་བྱེད་པར་སྐུལ་འདེད་བྱས་ནས་མགོ་བཟང་བོ་ཞིག་བརྩམས་དགོས། མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་མི་སྣ་སོ་སོས་“དྲིན་ཤེས་པ། བརྩེ་སེམས་ཡོད་པ། ལག་ལེན་དངོས”ཀྱི་ལས་ཀའི་འདུ་ཤེས་བཟུང་ནས། ལྷག་བསམ་རྣམ་དག་གིས་མཐོ་སྒང་ལ་ཞབས་འདེགས་ཞུ་དགོས། དེར་མ་ཟད། དངོས་ཐོག་བདེན་འཚོལ་གྱི་ཞབས་ཞུའི་འཕེལ་རྒྱས་ནི་མདུན་སྐྱོད་ཀྱི་ཚད་གཞི་རུ་བཟུང་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་མཐོའི་ངང་འཕེལ་རྒྱས་འགྲོ་བར་ཤེས་རབ་ཀྱི་སྟོབས་ཤུགས་བསྩལ་ཡོད།  དེ་དང་ཆབས་ཅིག། སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་སྒོས་སློབ་གསོ་བཟུང་ནས། ངེས་པར་དུ་ཡོ་ཁྱད་བཅོས་སྐྱོང་དང་། ཕྱི་ཚུལ་རིང་ལུགས་གཏན་འགོག་བཅས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ནི་མཚོ་སྔོན་རོགས་སྐྱོར་བྱ་བའི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གཏོང་དགོས།

མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་བཤད་རྒྱུར། རང་ཉིད་ཀྱི་ལས་ཀའི་མ་ལག་དང་འབྲེལ་ནས་ཞིབ་ཏུ་རྟོག་ཞིབ་ཞིབ་འཇུག་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བཏོན་ནས། རྣམ་པ་གསར་བ་ཞིག་གི་ངོས་ནས་ལས་འགན་སོ་སོར་ཧུར་ཐག་འབད་བརྩོན་དང་། དུས་རྒྱུན་གྱི་ལས་ཀའི་ནང་ནན་ཏན་སྒོས་“མི་རུང་བ་ལྔ་དང་མི་དགོས་པ་ལྔ”བརྩི་སྲུང་བྱས་ནས། རང་འགུལ་གྱིས་ལྟ་སྐུལ་དང་ཚོད་འཛིན་དང་ལེན་་བྱེད་པ་དང་། སྤྱོད་གཙང་རང་གཅུན་གི་རྒྱུད་དམ་དུ་སྦྲེལ་ནས། “ཧུར་བརྩོན་གྱིས་རྒྱུགས་པ་དང་། འགྲན་སྟོད་ལ་རྒྱལ་ཁ”ཡི་ཆོད་སེམས་འཛིན་པ།  མུ་མཐུད་དུ་ཧུར་བརྩོན་དང་། དངོས་འཛིན་དངོས་སྒྲུབ། ལས་ཀ་སོ་སོ་ཞིབ་ཚགས་དང་། གནད་འཁེལ་དུ་བཟུང་ནས་རོགས་སྐྱོར་དངོས་ཕན་གྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།