རྒན་རྒོན་ཚོར་འཛད་སྤྱོད་ཁ་གསབ་འདི་འདྲ་ཞིག་འདུག

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ནུས་པ་འབྲིང་རིམ་ཡན་ཤོར་བའི་རྒན་རྒོན་ཁྱིམ་ཚང་གི་ལྟ་རྟོག་ཁུར་པོ་ཡང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས2026ལོའི་ཟླ་བ1ནས་བཟུང་། དུས་ཡུན་ཟླ་བ12ཀྱི་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

གཅིག ཁ་གསབ་ཀྱི་ངོ་བོ།

ཁ་གསབ་འདི་ནི་དངུལ་སྨར་གྱི་རྣམ་པ་མ་ཡིན་པར། གློག་རྡུལ་འཛད་སྤྱོད་འཛིན་ཤོག་གི་རྣམ་པ་ཡིན། དམངས་སྲིད་ཤར་བགྲོད་(民政通)APPའམ་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད་དམིགས་འཛུགས་ཀྱི་རྒན་གསོའི་ཞབས་ཞུ་ཉོ་སྐབས་འགྲོ་གྲོན་འཕྲི་འཐེན་བྱ་རྒྱུ་ལས་དངུལ་སྨར་ལེན་པའམ་དངོས་པོ་གཞན་དག་ཉོ་མི་ཆོག

གཉིས། རེ་ཞུ་ཞུ་ཡུལ།

རང་ལོ60ཟིན་ཞིང་། ནུས་པར་དཔྱད་དཔོག་བྱས་པ་བརྒྱུད་ནུས་པ་འབྲིང་ཙམ་ཤོར་བདང་ནུས་པ་ཚབས་ཆེན་ཤོར་བ” “ནུས་པ་ཡོངས་སུ་ཤོར་བབཅས་ཀྱི་གྲས་སུ་གཏོགས་པའི་རྒན་རྒོན་རྣམས་ཡིན། (ཐེམ་ཐོའི་ས་གནས་ལ་ཚད་བཀག་མེད་པར་ཞབས་ཞུ་བྱ་ཡུལ་དངོས་ལ་གཞིགས་རྒྱུ།) འོན་ཀྱང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་རོགས་སྐྱོར་དང་། དཔལ་འབྱོར་དཀའ་ངལ་ཡོད་པའི་ནུས་པ་ཤོར་བའི་རྒན་རྒོན་གཅིག་སྡུད་ལྟ་རྟོག་ཁ་གསབ། ཁྱིམ་སྡོད་དང་སྡེ་ཁུལ་གཞི་རྩའི་རྒན་གསོའི་ཞབས་ཞུ་རིམ་སྤོར་རྣམ་གྲངས་བཅས་ལོངས་སུ་སྤྱོད་བཞིན་པའི་རྒན་རྒོན་དག་འདིའི་ནང་ཚུད་ཀྱི་མེད།

གསུམ། རེ་ཞུ་ཞུ་སྟངས།

དྲ་ཐོག་ནས་རེ་ཞུ་ཞུ་དགོས།དམངས་སྲིད་ཤར་བགྲོད་”APPའམ་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་ཐོ་འགོད་བྱས་ཏེ།རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་ཀྱི་སྡེ་ཚན་ནང་རེ་ཞུ་འབུལ་དགོས། རྒན་རྒོན་རང་ཉིད་ཀྱི་བཟའ་ཟླའམ་བུ་ཕྲུག གཉེན་ཉེ། སྡེ་ཁུལ་གྱི་ལས་བྱེད། རྒན་གསོའི་སྒྲིག་གཞིའི་ལས་བྱེད་བཅས་ཀྱིས་ཚབ་སྒྲུབ་བྱས་ཆོག རེ་ཞུ་མ་བྱས་གོང་ཐོག་མར་ནུས་པའི་རིམ་པ་རང་ཉིད་ཀྱིས་དཔྱད་དཔོག་བྱས་ཏེ། ཚད་གཞི་ལོན་རྗེས་གཞན་གྱིས་སྒྲིག་གཞིར་ཆེད་ལས་དཔྱད་དཔོག་བྱེད་པར་མངགས་དགོས།

བཞི། གཏོང་སྤྲོད་དང་བེད་སྤྱོད།

ཞིབ་བཤེར་ཐོན་རྗེས་ཀྱི་ལས་ཀའི་ཉིན་5ཡི་ནང་ཚུན་དུ་ཟླ་བ་དེའི་གློག་རྡུལ་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་དང་། ཕྱིན་ཆད་ཟླ་རེའི་ཚེས་1ཉིན་རང་འགུལ་ངང་སྤྲོད་རྒྱུ་ཡིན། འཛིན་ཤོག་གི་གོ་ཆོད་དུས་ཚོད་ནི་ཟླ་བ་དེ་རང་ལ་ཡིན།

ཟླ་རེར་གཤམ་གསལ་ཞབས་ཞུ་བཞི་ལས་གཅིག་འདེམ་ཆོག

1.རྒན་གསོའི་སྒྲིག་གཞིར་ཡུན་རིང་བསྡད་དེ་ལྟ་རྟོག་བྱེད་པ། (ཉིན30ཡན།)

2.རྒན་གསོའི་སྒྲིག་གཞིར་དུས་ཐུང་བསྡད་དེ་ངལ་གསོའི་ཞབས་ཞུ་བྱེད་པ། (ཉིན30མ་ཟིན་པ།)

3.ཁྱིམ་གྱི་སྒོ་རྩར་སྐྱོད་པའི་རྒན་གསོའི་ཞབས་ཞུ། (ལྟོ་ཆས་མཁོ་འདོན་དང་། གཟུགས་པོ་བཀྲུ་བ། ཁྱིམ་ལས་རོགས་རམ་སོགས།)

4.སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུ།

ལྔ། ཁ་གསབ་ཚད་གཞི།

ཁ་གསབ་ཀྱི་ཚད་གཞི་མཐོ་ཤོས་ནི་ཟླ་རེར་སྒོར800ཡིན།

ཁྱིམ་གྱི་སྒོ་རྩར་སྐྱོད་པའི་ཞབས་ཞུའི་ཁ་གསབ་ཀྱི་བསྡུར་ཚད་ནི་རང་སྤྲོད་དངུལ་གྲངས་ཀྱི50%ཡིན།

སྡེ་ཁུལ་ལམ་སྒྲིག་གཞིའི་རྒན་གསོའི་ཞབས་ཞུའི་ཁ་གསབ་ཀྱི་བསྡུར་ཚད་ནི་རང་སྤྲོད་དངུལ་གྲངས་ཀྱི40%ཡིན།

དྲུག དཔྱད་དཔོག་གི་འགྲོ་གྲོན།

ནུས་པ་འབྲིང་རིམ་ཡན་ཤོར་བའི་རྒན་རྒོན་གྱིས་ནུས་པའི་དཔྱད་དཔོག་འཛིན་ཤོག་བེད་སྤྱོད་བཏང་ནས་འགྲོ་གྲོན་འཕྲི་འཐེན་བྱེད་ཆོག་པ་དང་། མཐོ་ཤོས་སྒོར་100ཡིན། དེ་ལས་བརྒལ་ན་རང་ཉིད་དམ་ས་གནས་ཀྱིས་སྤྲོད་དགོས།

ཤ་ཚའི་དྲན་སྐུལ།

དམངས་སྲིད་ཤར་བགྲོད་ལས་སྟེགས་ཀྱིས་ནམ་ཡང་ཁྱེད་ཀྱི་ར་སྤྲོད་ཨང་གྲངས་དང་གསང་ཨང་། དངུལ་ཁང་གཱའི་ཨང་གྲངས་བཅས་ལེན་མི་སྲིད་པས། མི་ངན་གྱི་ཁ་བསླུས་ལ་དོགས་ཟོན་གནང་དགོས། གནས་ཚུལ་ཞིབ་ཕྲ་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ལ་འདྲི་རྩད་གནང་ན་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།