སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་གསོ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས8ཉིན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་གསོ་སྦྱོང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚའོ་ཅུན་གྱིས་སྐུལ་སློང་གཏམ་བཤད་སྤེལ། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་གི་གསོ་སྦྱོང་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཛུབ་ཁྲིད་བྱ་བ་ལེགས་པོར་བསྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་འཁུར་སེམས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ལངས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བཙལ་ནས་ཏང་ཨུས་འགན་འཁྲི་གཙོ་བོ་བརྟན་པོར་འཁུར་ཏེ་བྱ་བ་སོ་སོའི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ནན་ཏན་གྱིས་འགན་འཁྲི་བསྒྲུབ་པ་དང་། བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་གཏོང་བ། གནད་དོན་བཅོས་སྒྲིག་དམ་འཛིན་བྱེད་པ། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པ། སྒོ་འབྱེད་སློབ་གསོའི་ཐད་མཛུབ་ཁྲིད་གང་ལེགས་བྱེད་དགོས། སྤྱོད་ཚུལ་བརྟན་པོ་སྦྱོང་བརྡར་བྱེད་པ་དང་། གནད་དོན་གཅིག་མཚུངས་ལ་ཐག་གཅོད་གཅིག་མཚུངས་བྱེད་པ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་གསར་གཏོད་བྱེད་པ། མཐུན་སྒྲིལ་གཞོགས་འདེགས་ལ་ཤུགས་སྣོན་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ཏེ། མཛུབ་ཁྲིད་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་མཛུབ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་། ཚན་གཙོ་གཞོན་པའི་མིང་ཐོ་དང་ལས་འགན་ཁག་བགོས་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།