མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ“འགོ་རྩོམ་པའི་ལོ་ཡིན་པས། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལུས་སེམས་བདེ་ཐང་གི་ཁེ་དབང་ལ་དམིགས་ནས“སྔོན་འགོག་གཙོར་འཛིན་དང་གནད་ཕིགས་ཇུས་བསྟར། སྤུས་འདེགས་ནུས་སྤེལ“བཅས་ཁྲིད་ཕྱོགས་སུ་བྱས་ནས་ཁམས་གསོའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་ནན་མོ་བཏང་སྟེ། ལོ་གཅིག་གི་ནང་དབང་བོ་སྐྱོན་ཅན་ཁྲི2ལ་ཁམས་གསོ་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་པ་དང་། “ལོ0ནས17བར་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ3000ལ་ཁམས་གསོ་རོགས་སྐྱོབ་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།“
སྔོན་འགོག་འགོག་ཐིག་བརྟན་པོར་འཛུགས་པའི་ཕྱོགས་ནས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པའི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ལྷན་སྐྱེས་ནད་དང་འཚར་ལོངས་འགོག་རྐྱེན་གྱི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་ཚོད་འཛིན་བྱེད་པ། ནད་རིགས་ཀྱི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་ཚོད་འཛིན་བྱེད་པ། གནོད་འཚེའི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་ཚོད་འཛིན་བྱེད་པ། ཁམས་གསོ་ཞབས་ཞུར་སྐུལ་འདེད་གཏོང་བ་བཅས“བྱེད་སྒོ་ལྔར“ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་མཉམ་འགུལ་གྱིས་ཡོང་འབབ་དམའ་བའི་དབང་བོ་སྐྱོན་ཅན་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་བྱ་བ་བཟང་བོར་བསྒྲུབ་པ། དབང་བོ་སྐྱོན་ཅན་གྱིས་ཁྱིམ་ཚང་སྨན་པར་གྲོས་མཐུན་འགོད་པའི་ཞབས་ཞུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབང་བོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཕྱོགས་ཡོངས་ནས་ཇེ་དམར་གཏོང་རྒྱུ་རེད།
ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་པའི་ཕྱོགས་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་རོགས་སྐྱོབ་དང་། དབང་བོ་སྐྱོན་ཅན་གྱིས་རང་ཞབས་རང་འདེགས་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་ཁམས་གསོ་ཞབས་ཞུ་ལག་བསྟར་ཟབ་མོ་བྱེད་པ། “ཞིབ་བཤེར་བརྟག་བཅོས་དང་བདེ་ཐང་སླར་གསོ། ཕན་ཚུན་རོགས་སྐྱོར། ལས་རིགས་ཁམས་གསོ“བཅས་མཉམ་བསྲེས་བྱེད་པའི་མུ་ཕྲེང་ཡོངས་དང་དུས་འཁོར་ཡོངས་ཀྱི་ཁམས་གསོ་ཞབས་ཞུའི་རྣམ་པ་ཁྱབ་གདལ་དུ་གཏོང་བ། རིམ་པ་སོ་སོ་དང་རིགས་སོ་སོའི་ཞབས་ཞུའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ནས་ཁམས་གསོ་སྨན་བཅོས་དང་ཁམས་གསོ་སྦྱོང་བརྡར། རམ་འདེགས་ཡོ་བྱད་སྟེར་བ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།
སྤུས་འདེགས་ནུས་སྤེལ་ཕྱོགས་ནས། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཁམས་གསོ་ཞབས་ཞུའི་མཛུབ་སྟོན་དཀར་ཆག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་རོགས་སྐྱོབ་གཏན་འཁེལ་སྡེ་ཁག་གི་དཔྱད་འཇོག་ཚད་གཞི། དེ་བཞིན་རམ་འདེགས་ཡོ་བྱད་སྟེར་བའི་བྱེད་ཐབས་བཅས་འཐུས་ཚང་དུ་བཏང་ནས་ཁམས་གསོ་རོགས་སྐྱོར་ཚད་གཞི་མཐོར་འདེགས་གཏོང་བ། གཏན་འཁེལ་སྡེ་ཁག་གི་ལས་སྒོ་ཚད་ལྡན་དུ་གཏོང་བའི་དཔྱད་འཇོག་བྱེད་སྒོ་སྤེལ་བ་དང་ཁམས་གསོ་ཆེད་ལས་འཇོན་མིའི་གསོ་སྐྱོང་ལ་ཤུགས་སྣོན་པ། རྐང་འཛིན་པ་འདེམས་མངག་བྱས་ནས་རྒྱལ་ཁབ་རིམ་པའི་གསོ་སྦྱོང་ཞུགས་པ། ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་ལ་ཤུགས་སྣོན་པ་བཅས་བྱེད་རྒྱུ་རེད། དེ་དང་མཉམ་དུ་ཤེས་རིག་ཁམས་གསོ་ཞབས་ཞུ་འཚོལ་ཞིབ་བྱེད་པ་དང་མི་ཐབས་རིག་ནུས་ལག་རྩལ་ལ་བརྟེན་ནས་ཁམས་གསོ་བྱ་བར་ཤུགས་སྣོན་པ། ཤར་ནུབ་རྒྱུད་རོགས་ལས་གཏིང་ཟབ་ཏུ་སྤེལ་བ། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁམས་གསོ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།