མཚོ་སྔོན་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་དཔེ་མཚོན་དེ་རྒྱལ་ཡོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་རྨང་གཞི་ལེགས་སྒྱུར་གྱི་ཕུལ་བྱུང་དཔེ་མཚོན་གྲུབ་འབྲས་འགྲེམས་སྟོན་ནང་ཚུད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས6ཉིན། གསར་འགོད་པས་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཚགས་དམ་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་གྱི་དཔེ་མཚོན་དེ་རྒྱལ་ཡོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་དེ་བཞིན་རྨང་གཞི་བཟང་ལ་ཕུལ་བྱུང་གི་དཔེ་མཚོན་གྲུབ་འབྲས་འགྲེམས་སྟོན་ནང་ཚུད་པར་མ་ཟད། 2026(སྐབས་གཉིས་པ)རྒྱལ་ཡོངས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་གཅིག་བསྡུས་འགྲེམས་སྟོན་ཁྲོད་ཞུགས་ཏེ། མཐོ་སྒང་འབྲོག་ཁུལ་གྱི་སྨན་བཅོས་བཅོས་སྒྱུར་གསར་གཏོད་ཀྱི་ཕན་འབྲས་མངོན་པར་བཤམས།

ཐེངས་འདིའི་ཕུལ་བྱུང་དཔེ་མཚོན་གྱི་གྲུབ་འབྲས་དེ་ཆེད་དོན་འགྲེམས་པང་བརྒྱུད་དེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར། ལམ་སྲོལ་གསར་གཏོད། གཉེར་སྐྱོང་དོ་དམ། ནུས་པ་ཆེ་རུ་གཏོང་བ། སྨན་བཅོས་དང་སྔོན་འགོག་མཉམ་འདྲེས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་གལ་ཆེའི་གསར་གཏོད་ལག་ལེན་དང་གྲུབ་འབྲས་གཅིག་སྡུད་སྒོས་མངོན་པར་བྱས་ནས། རང་རྒྱལ་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་གྱི་བསམ་ཕྱོགས་གསར་པ་དང་བྱེད་ཕྱོགས་གསར་པ། ཉམས་མྱོང་གསར་པ། ཕན་འབྲས་གསར་པ་བཅས་ཁྱོན་ཡོངས་ནས་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོ་ནས་བཟུང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་མཐོ་སྒང་འབྲོག་ཁུལ་གྱི་དོན་དངོས་ལ་རྐང་བཙུགས་ཏེ། དཔལ་ཡོན་གསུམ་ལྡན་གྱི་སྨན་བཅོས་བཅོས་སྒྱུར་ཉམས་མྱོང་ལག་ལེན་ཟབ་སྤེལ་བྱས་ནས། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་དམ་ཟབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་ཏེ། ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་མ་ལག་སྟོབས་ལྡན་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་དང་རོགས་སྐྱོར་ལམ་སྲོལ་གསར་གཏོད་བྱས་པ་དང་། བོད་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་ལ་བརྟེན་ནས་ཁྱད་ཆོས་བཏོད་དེ། གཞི་རིམ་གྱི་བོད་ལུགས་གསོ་རིག་ཁང་ཡོངས་སུ་ཁྱབ་པ་དང་། འོས་འཚམ་གྱི་ལག་རྩལ་ཁྱབ་གདལ་གཏོང་བ། ཉིན་མོའི་ཞབས་ཞུ་གསར་གཏོད་བྱེད་པ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་སུ་འཇུག་པ།  “སྨན་བཅོས་གསུམ”ལ་བརྟེན་ནས་མཐུན་སྦྱོར་ངང་མཁོ་སྤྲོད་གང་ལེགས་བྱས་ཏེ། འཇོན་མི་གཞི་རིམ་དུ་མངགས་པ་དང་ཐོན་ཁུངས་མཉམ་སྤྱོད། ཕྱོགས་གཉིས་ཀྱི་སྨན་བཅོས་གཞན་སྒྱུར་ཤར་གཏོང་བཅས་ཡོང་བར་སྐུལ་འདེད་གཏོང་བ། གནད་ལ་འཁེལ་བའི་ཞབས་ཞུར་བརྟེན་ནས་དམངས་འཚོར་ཕན་པ་ཐོབ་པ་དང་། བདེ་ཐང་སྣུར་སྲིང་ཞབས་ཞུ་ས་ཚིགས38བཀོད་སྒྲིག་བྱས་པ། སྨན་བཅོས་འགན་སྲུང་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་པའི་བགྲོད་ལམ་བསྐྲུན་ཡོད་པར་བརྟེན། འབྲོག་པའི་ལམ་ཐག་རིང་བར་རྐྱེན་བྱས་ནས་སྨན་བཅོས་བྱེད་མི་ཐུབ་པ་དང་ནད་སྟོན་དཀའ་བའི་གནད་དོན་ནུས་ལྡན་ངང་ཐག་བཅད།

ཐེངས་འདིར་རྒྱལ་ཡོངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནང་ཚུད་པ་དེ་ནི། ཡུས་ཧྲུའུ་གྲོང་ཁྱེར་གྱི་སྨན་དཔྱད་ཐུན་ཚོགས་འཛུགས་སྐྲུན་ལ་ཁས་ལེན་ཡང་དག་བྱས་པ་ཞིག་ཡིན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྨན་བཅོས་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཐོན་ཁུངས་བསྡུ་སྒྲིལ་དང་། བོད་ལུགས་གསོ་རིག་དང་སྨན་རྫས་གསར་གཏོད་དང་དམངས་ཕན་ཞབས་ཞུ་ཟབ་སྤེལ་བྱས་ཏེ།  གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། མཐོ་སྒང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་ཆེན་པོ་བསྣན་ཏེ། བདེ་ཐང་ཡུས་ཧྲུའུ་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་འབུངས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།