མཚོ་སྔོན་གྱིས་དགུ་ལྔ་ཁྲིམས་ལུགས་ཁྱབ་གདལ་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་བའི་གཙོ་གནད་པར་འགྲེམ་བྱས་པ་དང་།     ལོ་གཅིག་གི་བྱ་བ་གཙོ་བོའི་ལས་འགན་སྣ་ཚོགས་བཀོད་སྒྲིག་བྱས་ཏེ་དགུ་ལྔ་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་འགོ་བཟང་བོ་རྩོམ་པར་འགན་སྲུང་བྱས།

ད་ལོའི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་བས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་བཅས་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་གཙོ་གནད་ལ་སྔར་ལས་རྒྱུས་ལོན་བྱེད་པ་དང་།   རྩ་ཁྲིམས་དང་དམངས་ཁྲིམས་ཁྲིམས་གཞུང་གི་དྲིལ་སྒྲོག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ།   ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ།    རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ།   ཏང་གི་ཁྲིམས་སྲོལ་སློབ་སྦྱོང་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་བ་སོགས་བྱས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་རྒྱུ་རེད།

ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་བ་མཉམ་བསྲེས་ཟབ་མོ་བྱེད་པ་དང་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་ཁྲིམས་སྐྱོང་དང་གསར་བརྗེ།   ཁྲིམས་སྐྱོང་དང་སྐྱེ་ཁམས།  ཁྲིམས་སྐྱོང་དང་མི་རིགས་མཐུན་སྒྲིལ།   ཁྲིམས་སྐྱོང་དང་གཟུགས་འདས་ཤུལ་བཞག་རིག་གནས་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།   ཁྲིམས་སྐྱོང་རིག་གནས་ལ་བརྟེན་ནས་མང་ཚོགས་ལ་ཕན་བདེ་བསྐྲུན་པ་དང་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱ་ཆེར་སྤེལ་བ།   ཁྲིམས་སྐྱོང་དང་རིག་གནས་ཡུལ་སྐོར།   ལུས་རྩལ་སོགས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་ཕན་འབྲས་མཐོར་འདེགས་གཏོང་བ་དང་།    ཁྲིམས་སྐྱོང་གྲོང་གསེབ་ཀྱི་གཞི་གཉིས་བྱེད་སྒོ་ལག་བསྟར་བྱས་ནས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་རྗེས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣའི་འདེམ་བསྐོ་དང་གསོ་སྐྱོང་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།   ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་སྲོལ་བརྗེ་ལུགས་སྒྱུར་དར་སྤེལ་གཏོང་བ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་གཉེན་སྟོན་དང་འདས་མཆོད་སྟབས་བདེའི་ངང་སྒྲུབ་པའི་དཔལ་ཡོན་གོམས་སྲོལ་བཟང་བོ་དར་སྤེལ་གཏོང་བ་དང་།   རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གསལ་ཁྲ་དང་།   གསལ་ཁྲ་གསུམ་དང་དཔེ་དེབ་གཅིག་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ།    སྤུས་ཚད་མཐོན་པོས་རང་ཞིང་གི་དགུ་ལྔ་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱེད་པ།    དགུ་ལྔ་ཁྲིམས་ལུགས་ཁྱབ་གདལ་འཆད་ཁྲིད་ཚོགས་པ་རྩ་འཛུགས་བྱེད་པ།   མི་ཐབས་རིག་ནུས་དང་ཁྲིམས་ལུགས་ཁྱབ་གདལ་མཉམ་བསྲེས་ཀྱི་རྣམ་པ་བེད་སྤྱོད་བཅས་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པའི་མནའ་འབྲེལ་གྱི་ཟོང་རྟགས་བཟང་བོར་བསྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།