ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ཆར་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང8ཀྱིས་ས་གནས་དང་ལས་ཁུངས20རུ་བཅའ་སྡོད་བྱས།
བཅའ་སྡོད་ངོ་འཕྲད་ཚོགས་འདུའི་སྟེང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁག་གི་ཚན་གཙོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་བླང་བྱ་བཏོན་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་འགན་འཁྲི་དང་ལས་འགན། བྱ་བའི་བཀོད་སྒྲིག བྱེ་བྲག་གི་བླང་བྱ་བཅས་བརྡ་ཁྱབ་བཏང་ཞིང་། སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན་ནས། མཛུབ་སྟོན་དང་ལྟ་སྐུལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁག་གི་ཚན་གཙོས་བསྟན་དོན། ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་མངག་པ་ནི། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པའི་བྱེད་ཐབས་ནུས་ལྡན་ཡིན། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐར་ཕྱིན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་ནུས་ལྡན་ཡིན། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཡིན་པས། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ། ཐེངས་འདིའི་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་མངག་པའི་ཆབ་སྲིད་ཀྱི་ཉམས་ཞིབ་ལ་ངོས་འཛིན་གཏིང་ཟབ་བླངས་ཏེ། ངེས་པ་དོན་གྱིས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ཆེ་རུ་ཏན་ཏིག་གིས་གཏོང་དགོས།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁག་གི་ཚན་གཙོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་དམ་པོར་དམིགས་པ་དང་། གཟབ་ནན་ཏན་ཏིག་དང་། བསམ་བློའི་ངོས་འཛིན་ཏན་ཏིག་གིས་མཐོ་རུ་གཏོང་བ། མངོན་གསལ་དོད་པའི་གནད་དོན་དག་ཐེར་བྱེད་པ། ལམ་ལུགས་དང་སྒྲིག་སྲོལ་ཡག་པོ་འཛུགས་པ་བཅས་ལ་དམ་པོར་དམིགས་ཏེ་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། འགན་འཁྲི་ངེས་གནས་གནད་ལ་འཁེལ་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དམ་དང་དངོས་འབེབས་བྱེད་པ། བརྗོད་བྱ་གཙོ་བོར་དམིགས་པ་དང་གནད་དོན་འབུར་ཐོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། བརྗོད་གཞིར་གཅིག་མཐུན་གྱིས་ལན་འདེབས་པ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་ཇུས་འགོད་དང་། ཐབས་ཇུས་མཉམ་གྲོས། དཀའ་གནད་མཉམ་སེལ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་སློབ་སྦྱོང་གཏིང་ཟབ་དང་། ཞིབ་བཤེར་དངོས། དག་ཐེར་དངོས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱས་ཏེ། གནད་གཅིག་ལ་བརྟེན་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བརྒྱུད་ཏང་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱི་ཏང་ཨུའི་འགན་འཁུར་བ་གཙོ་བོས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་མངག་པ་ནི་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་བྱ་བ་སྤེལ་བར་སྐུལ་སྤེལ་ནུས་ལྡན་བཏང་བ་ཡིན་པས། དེ་གོ་སྐབས་སུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་བྱེད་པོའི་འགན་འཁྲི་འཁུར་བ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས།