ཟླ4པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རང་ཞིང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་ཁྲིད་ཚན་ཆུང་མངགས་པའི་འབྲེལ་ཡོད་གནས་ཚུལ་ལ་ཉན་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུས་ས་གནས་དང་ལས་ཁུངས་ཁ་ཤས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐུལ་ཁྲིད་ཚན་ཆུང་མངགས་པ་ནི། ཀྲུང་དབྱང་གི་བླང་བྱ་ཚད་གཞིར་འཛིན་པ་དང་། དུས་མཉམ་དུ་ལག་བསྟར་བྱེད་པ། བྱ་བའི་འགན་འཁྲི་ནན་དཀྲི་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་བར་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་མ་ཟད་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས་ཤིང་། གཞི་རིམ་གྱི་དོན་དངོས་གནད་དོན་ཐག་གཅོད་རོགས་བྱེད་དགོས། ཆབ་སྲིད་གླེང་བའི་མཐོ་ཚད་དང་འགན་འཁྲི་ཁུར་བའི་རྣམ་འགྱུར་བཅངས་ཏེ་སྐུལ་ཁྲིད་བྱ་བ་ནན་ཏན་ངང་ཡག་པོར་སྒྲུབ་དགོས། སྐུལ་ཁྲིད་བྱ་བའི་གཙོ་གནད་ལ་དམིགས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དངོས་སྒྲུབ་ནན་སྡོམ་གྱིས་སློབ་སྦྱོང་ཞིབ་སྡུར་དང་། གནད་དོན་འཚོལ་ཞིབ། གཅིག་བསྡུས་དག་ཐེར། ལམ་སྲོལ་འཛུགས་པ་སོགས་ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་སྐུལ་ཁྲིད་དང་མཛུབ་སྟོན་བྱེད་དགོས། བྱེད་ཐབས་དང་ཐབས་ལམ་སྤྱོད་མཁས་བྱས་ཏེ། རིགས་བགར་མཛུབ་སྟོན་དང་། བརྟག་དཔྱད་ཞིབ་འཇུག གཟབ་ནན་འགག་སྒྲོལ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་མི་འདྲ་བ་དང་ལས་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་སྒོས། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་ཇུས་བསྟར་བྱས་ནས། སློབ་སྦྱོང་སློབ་གསོའི་ལས་འགན་དངོས་འབེབས་བྱེད་པར་སྐུལ་ཁྲིད་བྱེད་དགོས། བཅའ་ཁྲིམས་ཀྱི་བླང་བྱ་ནན་མོར་བཟུང་སྟེ། སྐུལ་ཁྲིད་ཚན་ཆུང་སོ་སོས་སྣེ་ཁྲིད་ནས་སྲིད་འབྲས་ལྟ་བ་ཡང་དག་ལག་བསྟར་བྱེད་དགོས་ལ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་མོར་སྲུང་དགོས། བྱ་བའི་སྒྲིག་ཁྲིམས་དང་གསང་སྲུང་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ་དང་། རྩ་དོན་དང་བསྟུན་པ་དང་ལས་རིམ་དང་བསྟུན་པ། དབང་ཚད་དང་བསྟུན་ནས་ལས་དོན་སྒྲུབ་པ་བཅས་བྱེད་དགོས། གྲུབ་འབྲས་བཀོལ་སྤྱོད་ཤུགས་དྲག་ཏུ་བཏང་སྟེ། དག་ཐེར་བཅོས་སྐྱོང་གི་རྩིས་ཐོ་གཏན་འབེབས་བྱེད་པར་སྐུལ་ཁྲིད་དང་། ཐོ་གསུབ་དོ་དམ་ལག་བསྟར་བྱེད་པ། ནུས་ལྡན་གྱི་བྱེད་ཐབས་དུས་ལྟར་སྤྱི་བསྡོམས་དང་སྲ་བརྟན་དུ་གཏོང་བ། དཔེ་མཚོན་དམ་འཛིན་དང་དངོས་སྒྲུབ་ནན་འཛིན། ཁྱབ་བསྒྲགས་དམ་འཛིན་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོར་དོན་དངོས་ཀྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།