སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་སྒྲུབ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱས་པ་དང་། དམངས་འཚོའི་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་། དང་བླངས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དམིགས་ནས་ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་སྡེ་བར་ཟབ་ཞུགས་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཕྱོགས་མང་པོ་ནས་རོགས་སྐྱོར་ཐོན་ཁུངས་མཐུན་སྦྱོར་བྱས་ཏེ་སྡེ་བའི་ཐུན་མོང་མཉམ་ལས་ཁང་ལ་ལུད་རྫས་ཏུན་བཅུ་དང་། རས་གུར་དང་ལྟེབ་ཆོག་པའི་ཉལ་ཁྲི་སོ་ལྔ་བརྩོན་ལེན་བྱས་པ་མ་ཟད། སྤྱི་ལེ་གཅིག་གི་ཞིང་ཁའི་བགྲོད་ལམ་ཞིག་གསོ་བྱས། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་བཟང་བོ་གཉིས་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཐོག་མ་འཛུགས་སྐྲུན་བྱས་ཏེ་རྒྱུན་ལྡན་ཅན་གྱི་སྒོ་ནས་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིར་སྟབས་བདེའི་ཞབས་ཞུ་དང་ཁེ་དབང་འགན་སྲུང་སོགས་ཀྱི་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས། སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་ལྔ་སྟོང་སུམ་བརྒྱ་ཞེ་བརྒྱད་ལ་ཞིབ་བཤེར་བྱས་པ་དང་། ཟ་མ་ལེན་ས་བཀོད་སྒྲིག་བྱེད་པ་དང་རླངས་འཁོར་འཇོག་ས་དབྱེ་འབྱེད་བྱེད་པ་སོགས་བྱས་ཏེ་ཟ་མ་སྐྱེལ་མཁན་དང་རླངས་འཁོར་སོང་མི་ཆོག་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱས། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་དུས་ཚིགས་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུའི་ཚོགས་འདུར་བརྟེན་ནས་གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་མི་བསྡུའི་ཆེད་དོན་ཁུལ་ཐོག་མར་བཙུགས་ཏེ་ལས་ཞུགས་བརྟན་འཇགས་ཡོང་བར་རོགས་འདེགས་བྱས་པ་དང་། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་མངོན་པར་བྱས།
སྤྱི་ཚོགས་བྱ་བའི་འགག་གནད་དང་དཀའ་གནད་མཁྲེགས་གཏོར་བྱེད་པར་དམ་པོར་དམིགས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་ཕྱོགས་ཡོངས་ལ་ཁེབས་པ་ནས་ཕན་འབྲས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་ཁེབས་པར་བྱེད་པའི་དམིགས་འབེན་བླང་བྱ་དོན་འཁྱོལ་བྱས་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ལ་ཁེབས་ལ་གཉིས་གཏིང་ཟབ་ཏུ་སྤེལ་བའི་བྱ་བའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཤིང་། ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱས་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བཏང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ནང་ཁུལ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱ་བའི་མཛུབ་སྟོན་བསམ་འཆར་ཀྱི་ཚོད་ལྟའི་ལག་བསྟར་བྱེད་ཐབས་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་བྱེད་ཐབས་ཐད་ཀྱི་ཚོད་ལྟའི་ལག་བསྟར་བྱེད་ཐབས་སོགས་ལམ་ལུགས་གཏན་འབེབས་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ་དང་འཁོར་སྐྱོད་གོ་རིམ་ཚད་ལྡན་དུ་གཏོང་བ། འགན་འཁུར་མི་སྣའི་འགན་ཁུར་དོ་དམ་གྱི་མུ་ཕྲེང་ཡོངས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་དང་། དངོས་གཉེར་གྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དང་འཕེལ་རྒྱས་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་།