ལྷ་གྲུ་ཉེར་གཅིག་པའི་འཕུར་སྐྱོད་ཚན་ཆུང་འཁོར་ལམ་དུ་བསྡད་པའི་ཟླ་བ་ལྔའི་རིང་བར་སྣང་ས་ཚིགས་ཀྱི་ལས་འགན་སོ་སོ་བདེ་བླག་ངང་སྤེལ།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།

2025ལོའི་ཟླ11པའི་ཚེས1ཉིན། ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་པའི་ཚུན་ལ། ལྷ་གྲུ་ཉེར་གཅིག་པའི་མཁའ་སྐྱོད་པ་ཀྲང་ལུའུ་དང་ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་འཁོར་ལམ་དུ་བསྡད་ནས་ཟླ་བ་ལྔ་ལས་བརྒལ་ཡོད། མིག་སྔར། འཇིག་རྟེན་འཕུར་སྐྱོད་པའི་ལུས་སེམས་ཀྱི་གནས་སྟངས་བཟང་བར་མ་ཟད། བར་སྣང་ས་ཚིགས་ཀྱི་ལས་འགན་ཁག་ལ་བརྟན་པོའི་ངང་སྒྲུབ་བཞིན་ཡོད།

དེང་སྐབས། ཀྲུང་གོ་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས་བརྙན་རིས་གསར་པ་ཡོངས་བསྒྲགས་བྱས་པ་སྟེ། འཇིག་རྟེན་འཕུར་སྐྱོད་པའི་ཚན་ཆུང་གིས་ཉེ་དུས་ཡིད་ཆེས་དང་མཐུན་སྦྱོར་རྐྱེན་སྲོལ་སོགས་འཇིག་རྟེན་འཕུར་སྐྱོད་གསོ་རིག་ཚོད་ལྟའི་རྣམ་གྲངས་ལེགས་འགྲུབ་བྱས་པར་མ་ཟད།  ཉེ་བའི་དམར་ཕྱིའི་འོད་ཀྱི་ཀླད་པའི་ནུས་པའི་བརྙན་གྲུབ་སྒྲིག་ཆས་སྤྱད་དེ་བར་སྣང་གི་ཀླད་པའི་དྲ་རྒྱའི་དུས་འགྱུར་ཁྱད་ཆོས་ཀྱི་ཚོད་ལྟ་བྱས་པ་རེད། འདི་ནི་ཡུན་རིང་བར་སྣང་འཕུར་སྐྱོད་ཁོར་ཡུག་གིས་འཇིག་རྟེན་འཕུར་སྐྱོད་པའི་ཀླད་ནུས་དྲ་རྒྱའི་ཤུགས་རྐྱེན་སོགས་ལ་དམིགས་ནས་ཞིབ་འཇུག་བྱས་པ་ཞིག་རེད། ལྗིད་ཤུགས་ཆུང་བའི་དངོས་ལུགས་ཚན་རིག་ཁྱབ་ཁོངས་སུ། འཕུར་སྐྱོད་ཚན་ཆུང་གིས་ཚན་རིག་ཚོད་ལྟའི་སྒམ་དང་། རྒྱུག་གཟུགས་དངོས་ལུགས་ཚོད་ལྟའི་སྒམ། སྣོད་ཆས་མེད་པའི་སྒམ་གྱི་ཚོད་ལྟའི་བསྒར་ལྷུ་དང་དངོས་དཔེ་སོགས་ལ་བརྗེ་སྤོར་དང་སྲུང་སྐྱོང་བྱས་ཡོད།

འཁོར་ལམ་དུ་བསྡད་པའི་ཟླ་བ་ལྔ་ལྷག་རིང་ཚན་ཆུང་གིས་གྲུ་ཚང་ནས་ཕྱིར་འབུད་འགུལ་སྐྱོད་ཐེངས་གཉིས་བྱས་པ་བརྒྱུད།  སྒྲིག་ཆས་སྐོར་ཞིབ་པར་ལེན་དང་། བར་སྟོང་ཆག་རོ་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར། དྲོད་ཚད་ཚོད་འཛིན་ཆས་ཀྱི་བང་རིམ་མང་པོ་བརྗེ་བ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱས་པ་རེད།  དེ་མིན། འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་ད་དུང་སྣོལ་འདུ་འབྲེལ་མཐུད་དང་། སྨན་བཅོས་རོགས་སྐྱོབ། འཕྲལ་བསྟུན་སྲོག་སྐྱོབ་སོགས་འཁོར་ལམ་སྦྱོང་བརྡར་བྱས་ཏེ།  འཆར་གཞི་ལྟར་བར་སྣང་ས་ཚིགས་ཀྱི་ལས་སྟེགས་སྲུང་སྐྱོང་དང་ལྟ་སྐྱོང་། འཚོ་བ་དང་བདེ་ཐང་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བ་རེད། མིག་སྔར། བར་སྣང་ཚེ་སྲོག་ཚན་རིག་དང་མི་ལུས་ཞིབ་འཇུག  ལྗིད་ཤུགས་ཆུང་བའི་དངོས་ལུགས། བར་སྣང་ལག་རྩལ་གསར་པ་སོགས་ཁྱབ་ཁོངས་ཀྱི་ཚོད་ལྟ་དང་ཚོད་ལྟའི་བྱ་བ་བདེ་བླག་ངང་བསྒྲུབ་བཞིན་ཡོད།

འཆར་གཞི་ལྟར་ན། འཕུར་སྐྱོད་ལས་འགན་སྒྲུབ་པའི་རིང་ད་དུང་འཇིག་རྟེན་འཕུར་སྐྱོད་པ་གྲུ་ཚང་ནས་ཕྱིར་འབུད་འགུལ་སྤྱོད་བྱས་ནས།  འབྲེལ་ཡོད་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་མུ་མཐུད་དུ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།