ཉེ་ལམ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་ལས་བྱེད་པའི་ལས་སྒོ་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ལས་བྱེད་མི་སྣ190གསོ་སྦྱོང་ལ་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱིས་ཐེངས་འདིའི་གཅིག་བསྡུས་གསོ་སྦྱོང་དམ་འཛིན་བྱེད་ཡུལ་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་སྒོར་ཞིབ་ཐེངས་བཅུ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། གཅིག་བསྡུས་གསོ་སྦྱོང་དང་ཆེད་དོན་ཞིབ་འཇུག སློབ་སྦྱོང་ལ་སྐུལ་འདེད། ཚོ་ཆུང་བགོས་ཏེ་སྦྱོང་བརྡར་བྱེད་པ་སོགས་རྣམ་པ་མང་བོར་བརྟེན་ནས། ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཅུ་བའི་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་སྲ་བརྟན་བཏིང་ཡོད།
ཐེངས་འདིའི་གསོ་སྦྱོང་དུ་དུས་རབས་གསར་བའི་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་ལ་དམ་པོར་དམིགས་ཡོད་ལ། ཆབ་སྲིད་འཛུགས་སྐྲུན་ཀྱི་གོ་གནས་ཨང་དང་པོར་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བར་གནང་བའི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱེད་པ་ལ་བརྟེན་ནས། ལས་བྱེད་པས“སྔར་ལས་ལྷག་པ་གསུམ”གྱི་བླང་བྱ་གལ་ཆེན་ལ་གནད་ཁེལ་དམ་འཛིན་བྱེད་པར་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་མཐོར་འདེགས་གཏོང་དགོས། གསོ་སྦྱོང་གིས་མཚོ་སྔོན་གྱི་དངོས་ཡོད་ལ་རྐང་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། བཟོ་ལས་གླིང་ཁུལ་གྱི་འཕེལ་རྒྱས། སྐྱེ་ཁམས་ཁོར་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་ཀྱི་གཙོ་གནད་ལ་དམིགས་པ་དང་། འགག་རྩའི་ནང་དོན13གཙོ་བོར་བཟུང་སྟེ། སློབ་ཁྲིད་བཀོད་སྒྲིག་བྱེད་པ། གཅིག་བསྡུས་ཀྱི་སློབ་ཁྲིད་དང་དཔེ་གཞིའི་དབྱེ་ཞིབ། ལག་ལེན་སྦྱོང་བརྡར་སོགས་ཀྱི་ལས་རིམ་མཉམ་འདྲེས་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་ལས་སྒོ་ལག་ལེན་འོས་འཚམ་མཉམ་འདྲེས་དང་ཕྱོགས་མཐུན་ཤུགས་འདོན་མངོན་འགྱུར་བྱེད་དགོས།
སྐོར་ཞིབ་ཚན་ཆུང་གིས་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་གཅིག་བསྡུས་ཞིབ་འཇུག་བྱེད་པ། མི་སྒེར་གྱི་རང་སྦྱོང་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། སྐོར་ཞིབ་སྔོན་གྱི་ཐུན་མོང་གླེང་མོལ་ཚོགས་འདུ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལ་གཏིང་ཟབ་སློབ་སྦྱོང་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་དེ་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་དགོས། དེ་དང་མཉམ་དུ། སྐོར་ཞིབ་ལས་ཁུངས་ཀྱི་ལས་གནས་ཁྱད་ཆོས་དང་སྐོར་ཞིབ་བྱ་བའི་དངོས་ཡོད་དགོས་མཁོ་ལ་གཞི་བཙུགས་ཏེ། སྐོར་ཞིབ་ཚན་ཆུང་སོ་སོས་ཚོ་ཆུང་གི་ལས་འགན་དང་ཟུང་འབྲེལ་བྱས་ཏེ་སྒེར་གཤིས་ཅན་གྱི་ཚོ་ཆུང་ནང་ཁུལ་གྱི་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་། དམིགས་གཏད་རང་བཞིན་དང་བར་ཁྱད་རང་བཞིན་གྱི་གནད་ཁེལ་གསོ་སྦྱོང་སྤེལ་བ། ལས་བྱེད་པས“གཞན་དབང་གསོ་སྦྱོང”ནས“རང་འགུལ་སློབ་སྦྱོང”ལ་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། གཞུང་ལུགས་དེ་དངོས་འཐབ་ཀྱི་ནུས་པར་ཐོལ་བརྒལ་བྱེད་པ་མངོན་འགྱུར་བྱས་ནས། གནད་ཁེལ་ནུས་མཐོའི་སྐོར་ཞིབ་ལྟ་སྐུལ་སྤེལ་བར་སྲ་བརྟན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།