མཚོ་སྔོན་གསར་འགྱུར་དྲ་བའ་འཕྲིན། ཟླ3ཚེས31ཉིན། 2026ལོའི“ཀྲུང་གོའི་མི་བཟང་གི་མིང་གཞུང”སྐོར་ཁག་དང་པོར་འོས་འདེམ་བྱས་པའི་མི་བཟང་དོན་བཟང་འགྲེམ་སྟོན་གྱི་དཔྱད་ཞིབ་དངོས་སུ་མགོ་བརྩམས།
རང་ཞིང་གི་དབྱངས་ཅན་མཚོ། མོ བོད་རིགས། 2000ལོའི་ཟླ7པར་སྐྱེས། གུང་ཁྲན་ཏང་ཡོན་ཡིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཆ་འཕྲིན་ཅན་ཅུས་ཀྱི་ལས་བྱེད་ཡིན། 2025ལོའི་ཟླ7ཚེས21ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་སྲིད་གཞུང་ནུབ་ངོས་སྤྱི་སྤྱོད་རླངས་འཁོར་འབབ་སྟེགས་སུ། རྒན་པོ་ཞིག་གློ་བུར་དུ་སར་འགྱེལ་ཅིང་ཀླད་ལྟག་ས་ལ་བརྒྱབ། ཉེན་ཁའི་དུས་སུ་མངལ་ཆགས་ནས་ཟླ་བ7ལྷག་འགོར་བའི་དབྱངས་ཅན་འཚོས་རང་ལུས་ཀྱི་ཉེན་ཁ་བསྐྱར་ནས་མི་ཚོགས་ཀྱི་ཁྲོད་ནས་རྒན་པའི་གམ་ཏུ་རྒྱུག་པ་ན། རྒན་པོར་དབུགས་ཆད་པ་མཐོང་། མོས་ལམ་སེང་མྱུར་སྐྱོབ་ཁ་པར120ལ་ཁ་པར་བརྒྱབ་པ་མ་ཟད། གོ་རིམ་ཧྲིལ་བོར་མྱུར་སྐྱོབ་ལྟེ་གནས་ཕྱོགས་ཀྱི་སློབ་སྟོན་ལ་ཉན་ཞོར་ལུས་པོ་ཧ་ཅང་སྟབས་མི་བདེ་ན་ཡང་ནུས་ཤུགས་ཡོད་རྒུས་བྲང་ཁ་མནན་པས་ཐེངས་གཉིས་གསུམ་ལ་དབུགས་ལན་ཙམ་སོས་རྗེས་ཡང་བསྐྱར་དྲན་པ་ཤོར། དེ་ལྟ་ན་ཡང་མོས་མུ་མཐུད་དུ་དུས་ཚོད་དམ་འཛིན་བྱས་ནས་མྱུར་སྐྱོབ་རླངས་འཁོར་བསླེབ་ཚད་ལ་ཡང་ཡང་མནན། ལུས་ཤུགས་ཡོངས་སུ་ཟད་པའི་མོས་སྨན་བཅོས་མི་སྣར་གནས་ཚུལ་ཡར་ཞུ་དང་། རྒན་པོའི་ཁྱིམ་བདག་ལ་གནས་ཚུལ་ཆ་ཚང་མཚམས་སྤྲད་རྗེས་ཕྱིར་ལོག

དབྱངས་ཅན་མཚོའི་མི་སྲོག་བསྐྱབས་པའི་དོན་དག་དེ་བྱུང་རྗེས། 《ནུབ་མཚོ་གྲོང་ཁྱེར་ཚགས་པར》གྱིས་གནས་ཚུལ་བསྒྲགས་ནས་མོ་ལ་བསྟོད་བསྔགས་བྱས་མྱོང་ཞིང་། མཚོ་སྔོན་གྱི00རྗེས་ཀྱི་བུ་མོ་དབྱངས་ཅན་མཚོ2025ལོའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་ཞེས་པའི་མིང་གཞུང་སྐོར་ཁག་གཉིས་པ་དང་གསུམ་པར་བདམས་པའི་འབྲེལ་ཡོད་བརྙན་འཕྲིན་སྤེལ་བ་མ་ཟད། 《མཚོ་སྔོན་གྱི་མི་གཅིག 2025ལོའི་དུས་ཚིགས་གཉིས་པ་དང་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་གཞུང་དུ་བདམས》ཞེས་པའི་འབྲེལ་ཡོད་གསར་འགྱུར་བསྒྲགས་པས་མོས་མི་བཟང་དོན་བཟང་གི་བྱས་རྗེས་ལ་ཚང་མས་བསྟོད་བསྔགས་ཐོབ་པར་མ་ཟད། ཀུན་གྱིས་ཡི་རང་བྱེད་སའི“ཆེས་མཛེས་པའི་སྦྲུམ་མ”རུ་གྱུར།