དཔྱིད་དུས་ཐུན་རིན་དུ་བསྐྱོད་ཅེས་པའི་བཅར་འདྲིའི་ཚན་ཆུང་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོར་བསྐྱོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སྤྱི་ཟླ4པའི་ཚེས1ཉིན་གྱི་སྔ་དྲོར་དཔྱིད་དུས་ཐུན་རིན་དུ་བསྐྱོད་ཅེས་པའི་བཅར་འདྲིའི་ཚན་ཆུང་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོར་བསྐྱོད་པ་དང་། སློབ་གྲྭ་འདི1975ལོར་བསྐྱར་འཛུགས་བྱས་པ་ནས་བཟུང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་དང་མི་དམངས་ལ་ཞབས་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་རབས་མང་པོར་མི་གཙོ་བོར་འཛིན་པའི་སློབ་གསོའི་ལྟ་བ་རྒྱུན་འཛིན་བྱས་ནས། མི་གཞི་ལེགས་སྐྱོང་། མང་ཐོས་དཔྱད་ཤེས། ཤེས་བརྩོན་ཟུང་འབྲེལ་བཅས་ཀྱི་སྒོ་ནས་དཔེ་ཁྲིད་མི་སྐྱོང་གི་བྱ་བ་རྒྱུན་བསྐྱངས་ཡོད།

ཁྱད་ཆོས་ལྡན་པའི་སློབ་གཉེར་གསར་གཏོད་བྱས་ཏེ།    ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་བྱང་ཚད་མཐོ་བའི་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 2002ལོ་ནས་བཟུང་རེབ་གོང་སྒྱུ་རྩལ་རི་མོའི་སློབ་ཚན་བཙུགས་ནས། ད་ལྟ་རེབ་གོང་སྒྱུ་རྩལ་དང་།     རྡུང་ལེན།     ཞབས་བྲོ།      བོད་ཡིག་ཡིག་གཟུགས་སོགས་ཁྱད་ལྡན་དགའ་མོས་འཛིན་གྲྭ11བཙུགས་ཏེ་སྣ་མང་ཁྱད་ཆོས་ལྡན་པའི་མི་སྣ་གསོ་སྐྱོང་མ་ལག་ཡང་བཙུགས་ཡོད།     དགའ་མོས་འཛིན་གྲྭའི་གསོ་སྐྱོང་འོག་སློབ་མ་ཚོས་རེབ་གོང་གི་སྒྱུ་རྩལ་དང་བོད་ཡིག་ཡིག་གཟུགས་སོགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་ཡོད།

གསར་འགོད་པ། ཤ་མོ་འཚོ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།