ཟླ4པའི་ཚེས1ཉིན། རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་། ལྷོ་ཕྱོགས་མཁའ་འགྲུལ། ཞ་མན་མཁའ་འགྲུལ། ཀྲུང་གོ་མཉམ་འབྲེལ་མཁའ་འགྲུལ་ཚད་ཡོད་ཀུང་སི་སོགས་མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་རྒྱལ་ནང་གི་མཁའ་ལམ་འགྲུལ་སྐྱེལ་གནམ་གྲུའི་་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱ་བའི་སྐོར་ནས་སྤྱི་བསྒྲགས་སྤེལ་དོན།
2026ལོའི་ཟླ4པའི་ཚེས5ཉིན(ཚུད་པ)ནས་བཟུང་འཚོང་བའི་འགྲུལ་སྐྱེལ་སྤ་སེ་ནང་འདུ་བའི་་རྒྱལ་ནང་གི་མཁའ་འགྲུལ་གནམ་གྲུའི་འབར་སྣུམ་ཟུར་སྣོན་གྱི་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱེད་རྒྱུ་སྟེ། སྤྱི་ལེ800(ཚུད་པ)མན་གྱི་མཁའ་འགྲུལ་ལམ་ཐག་ནང་འགྲུལ་པ་རེར་སྒོར60བསྡུ་རྒྱུ་དང་། སྤྱི་ལེ800ཡན་གྱི་མཁའ་འགྲུལ་ལམ་ཐག་ནང་འགྲུལ་པ་རེརསྒོར120བསྡུ་རྒྱུ་ཞེས་བསྒྲགས་ཡོད་དོ།