ཉེ་ཆར། སྤྱི་བདེ་པུས《འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པས་ངལ་དུབ་ཀྱིས་རླངས་འཁོར་སྐོར་བའི་ངོས་འཛིན་གཏན་འབེབས་ཀྱི་སྒྲིག་སྲོལ།》(GA/T2372-2026)དེ་ཟླ6པའི་ཚེས1ཉིན་ནས་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས།
སྒྲིག་སྲོལ་དེ་ལག་བསྟར་གྱི་ཉིན་དེ་ནས་བཟུང“རླངས་འཁོར་སྐོར་བའི་དུས་ཡུན་ཁོ་ནར་ལྟ་བའི”ཐབས་ཤེས་རྙིང་པ་མི་སྤྱོད་ཅིང་། རླངས་འཁོར་སྐོར་སྟངས་དང་། ལུས་ཕུང་གི་གནས་ཚུལ། འཚོ་བའི་འགྲོ་འདུག་སྤྱོད་གསུམ་བཅས་ཕྱོགས་གསུམ་ནས་བརྡར་ཤ་གཅད་རྒྱུ་སྟེ། གལ་ཏེ་ཆ་རྐྱེན་དེ་གསུམ་ལས་གང་རུང་འཛོམས་ཚེ་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་ལ་བརྩི་བ་ཡིན།《 སྒྲིག་སྲོལ》འདི་འཁོར་རིགས་ཡོངས་ཀྱི་ཁ་ལོ་པ་དང་། ལྷག་པར་དུ་འགྲུལ་སྐྱེལ་འཁོར་རིགས་ཀྱི་ལྟ་སྐུལ་དོ་དམ་བླང་བྱར་ཤུགས་སྣོན་བརྒྱབ་ཡོད་ཅིང་། འགྲིམ་འགྲུལ་ལས་འཛོལ་བརྟག་དཔྱད་ཐག་གཅོད་དང་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་བའི་ཐད་ལ་གཞི་འཛིན་ས་གསལ་བོ་ཞིག་མཁོ་འདོན་བྱས།
ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་ལ་ངོས་འཛིན་གཏན་འབེབས་ཀྱི་སྒྲིག་སྲོལ།
ངལ་དུབ་ཀྱིས་རླངས་འཁོར་བསྐོར་བའི་གནས་ཚུལ།
གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ཚེ། ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་ལ་བརྩི་རྒྱུ་སྟེ།
a)འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པས་བསྟུད་མར་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་ཆུ་ཚོད4hལས་བརྒལ་བ་མ་ཟད་ད་དུང་ངལ་གསོ་མ་བྱས་པའམ་ཡང་ན་ངལ་གསོའི་དུས་ཡུན་སྐར་མ20ལས་ཉུང་བ།
b) འགྲུལ་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པས་དགོང་མོའི་ཆུ་ཚོད22:00ནས་ཕྱི་ཉིན་གྱི་ཐོ་རེངས་ཆུ་ཚོད6:00བར་བསྟུད་མར་རླངས་འཁོར་བསྐོར་ནས་ཆུ་ཚོད2hལས་བརྒལ་ཏེ་ངལ་གསོ་མ་བྱས་པའམ་ཡང་ན་ངལ་གསོའི་དུས་ཡུན་སྐར་མ20minལས་ཉུང་བ།
c)འགྲུལ་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པས་ཆུ་ཚོད24hནང་རིམ་རྩིས་བྱས་ན་རླངས་འཁོར་བསྐོར་བའི་ཆུ་ཚོད8hལས་བརྒལ་བའི་རིགས།
མཆན། འགྲུལ་སྐྱེལ་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པ་ཞེས་པ་ནི་འགྲུལ་པ་སྐྱེལ་འདྲེན་གཉེར་སྐྱོང་བྱེད་མཁན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བར་ཟེར།
འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་གོ་རིམ་ཁྲོད་དུ་ཉེན་གཡོལ་གྱི་ཆ་རྐྱེན་འཛོམས་ཀྱང་དུས་ཐོག་ཏུ་ཉེན་གཡོལ་གྱི་བྱེད་ཐབས་ནུས་ལྡན་མ་སྤྱད་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པར་བརྟག་དཔྱད་བྱས་པ་བརྒྱུད་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ངལ་དུབ་ཀྱིས་རླངས་འཁོར་བསྐོར་བའི་ཁ་ལོ་པ་ཡིན་པར་ངོས་འཛིན་བྱས་ཆོག་པ་སྟེ།
a)ལྟ་ཞིབ་ཚད་ལེན་སྒྲིག་ཆས(བརྙན་གཟུགས་ལྟ་རྟོག་སྒྲིག་ཆས་དང་ཀླད་དཔྱད་སྒྲིག་ཆས་སོགས་འདུས་པ་མ་ཟད་སྒྲིག་ཆོས་གཞན་དག་ཡང་ཡོད་པ)བརྒྱུད་ནས་ཁ་ལོ་པས་རླངས་འཁོར་བསྐོར་ནས་དོན་རྐྱེན་མ་བྱུང་སྔོན་གྱི་སྐར་མ10minནང་དུ་ངལ་དུབ་ཀྱིས་གཉིད་ཤོར་པའམ་ཡང་ན་ངལ་དུབ་ཚད་དེ་ཀླད་པའི་གློག་རླབས་ཁྱད་ཆོས་བརྡར་གཅོད་ཀྱི་གྲངས་ཐང30ལས་ཆུང་བ་ཤེས་ཐུབ།
མཆན་འགྲེལ། ཐང་ཆད་དེ་གཉིད་ཁུག་པ་ཞེས་པ་ནི་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པ་ཐང་ཆད་དེ་གཉིད་ཁུག་ཏེ་མིག་ལྕིབས་གཉིས་ཡོངས་སུ་བཙུམས་པ་མ་ཟད་ཚད་དེ་སྐར་ཆ2sཡན་བསྲིངས་པའི་བྱ་སྤྱོད་ལ་ཟེར།
b)འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་པར་འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་པས་རིག་པ་རྩེ་གཅིག་ཏུ་སྒྲིམ་དཀའ་བའམ་ཡང་ན་ཐང་ཆད་ཀྱང་སྔར་བཞིན་རླངས་འཁོར་བསྐོར་པའི་རིགས།
c) འཕྲུལ་སྒུལ་རླངས་འཁོར་བསྐོར་བའི་ཁ་ལོ་པས་རླངས་འཁོར་མ་བསྐོར་གོང་དུ་གཉིད་པའི་གནས་ཚུལ་དང་། ལས་ཀ་དང་། བཟའ་བཏུང་། སྨན་སྤྱོད། འཚོ་བ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། གནས་ཚུལ་གང་རུང་ཞིག་ཡོད་ཚེ་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་ལ་བརྩི་དགོས།