སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་སྤེལ་བཏང་སྟེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རྩ་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། སློབ་བཤེར་བསྒྱུར་གསུམ་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་དངོས་སྒྲུབ་གཙོར་འཛིན་དང་། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་སྤེལ་བཏང་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱས།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་ངོས་ཀྱི་གནད་དོན་གཅིག་འདོམས་དག་ཐེར་དང་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་སློབ་བཤེར་བསྒྱུར་གསུམ་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་པར་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པར་སྐུལ་ཁྲིད་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་རྒྱུར་བྱས་རྗེས་གསར་པ་བཞག

ཕྱི་འབྲེལ་པུའུ་ཡིས་སློབ་སྦྱོང་སློབ་གསོའི་བྱ་བ་སོ་སོ་ཏན་ཏིག་ངང་སྤེལ་ཏེ། པུའུ་ནང་ཁུལ་གྱི་ཁོངས་གཏོགས་སྡེ་ཁག་སོ་སོ་དང་ཕྱིར་སྡོད་གཞུང་ཚབ་ཁང་གི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་སོ་སོར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱི་ཕྱོགས་བྱ་བའི་ཁྲོད་ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཆགས་པ་དང་ལག་ལེན་བྱས་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཕྱི་འབྲེལ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་སློབ་གསོ་དང་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ཟུང་འབྲེལ་བྱས་ཏེ། 2026ལོར་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་དམངས་ལ་ཞབས་ཞུ་སྒྲུབ་པའི་དོན་དངོས་བཅུ་དོན་འཁྱོལ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་དངོས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་གྱི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་ཞབས་ཞུའི་འགན་སྲུང་ཕན་འབྲས་སུ་འགྱུར་བར་བྱས།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡིས་ཚད་གཞི་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་བྱ་བའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱས་ཏེ། སྤྱི་ཡོངས་ཀྱི་གནས་བབ་ཆེན་པོའི་ཁྲོད་སྒོ་ཁྲལ་བྱ་བར་སྐུལ་འདེད་གཏོང་རྒྱུ་ཇུས་འགོད་བྱས་པ་དང་། མངའ་ཁོངས་ལས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་གྱི་ཆེད་དོན་འགུལ་སྐྱོད་སྤེལ་བ། འགག་སྒོའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་པོ་དང་གྲུབ་ཚུལ་ལེགས་སྒྲིག་སྐུལ་སྤེལ་བཏང་། “སྒོ་ཁྲལ་དང་ཁེ་ལས་ཀྱི་གླེང་མོལ་ཚོགས་འདུ”དང་། “སྒོ་ཁྲལ་སྲིད་ཇུས་ཐད་གཏོང་རླངས་འཁོར”སོགས་ཀྱི་ལམ་སྲོལ་བརྒྱུད་དེ། ཁེ་ལས་ཀྱི་འབོད་སྒྲར་ཉན་ནས་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།