“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལས་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ཏེ། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པས། མ་འོངས་པའི་ལོ་ལྔའི་ནང་། རང་རྒྱལ་གྱི་དམངས་འཚོ་འགན་སྲུང་དེ་ཡོད་པ་ནས་བཟང་ཕྱོགས་སུ་རིམ་སྤར་བྱས་ནས་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཐད་ཀྱི་རེ་སྨོན་སྐོང་རྒྱུ་རེད།
ཧྲང་ཧའེ་ཕུའུ་ཐུའོ་ཆུས་ཀྱི་སྐྲ་དཀར་ཚོང་ཁང་འདིས། ལས་གཉེར་བྱས་ནས་ཟླ་གསུམ་ལྷག་མ་གཏོགས་འགོར་མེད་མོད། འོན་ཀྱང་རྒན་པ་ཚོ་རྒྱུན་དུ་ཡོང་ས་ཞིག་ཏུ་གྱུར་ཡོད། AIརིག་ནུས་རོལ་ཆས་དང་། བརྩེ་དུང་འདུག་རོགས་འཕྲུལ་མི། འཁྱེར་བདེ་བའི་གློག་སྒུལ་རྐུབ་སྟེགས་འཁོར་ལོ་བཅས་རྒན་པའི་ཐོན་རྫས་རིགས་བརྒྱ་ལྷག་རྒན་པ་རྣམས་ཉོ་སྒྲུབ་བྱེད་དུ་ཡོང་གིན་ཡོད།
རྒན་པ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེར“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང་དུ་ལན་བཏབ་ཡོད། “རྒན་པར་འཚམ་པའི་ཐོན་རྫས་དང་རྒན་པར་ཞབས་འདེགས་ཞུ་བའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྐྲ་དཀར་དཔལ་འབྱོར་གྱི་སྣ་འདྲེན་ཁེ་ལས་དང་སྤུས་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་དགོས། སྲིད་ཇུས་ཀྱི་འཆར་འགོད་དེས་རིག་ལྡན་ཁམས་གསོ་དང་ཁམས་གསོའི་རམ་འདེགས་ཡོ་བྱད་སོགས་སྐྲ་དཀར་ཐོན་ལས་མུ་ཕྲེང་མགྱོགས་མྱུར་འཕེལ་རྒྱས་བྱུང་དུ་བཅུག མ་འོངས་པའི་ལོ5ནང་། སྐྲ་དཀར་ཡུལ་སྐོར་གྱི་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་ཁྲག་ཆེན་གཉིས་ཁྲག་ཁྲིག་བརྒྱད་ཡས་མས་ལ་སླེབས་སྲིད་པ་དང་། རིག་ལྡན་ཁམས་གསོ་ཐོན་ལས་ལ་སྒོར་ཁྲག་ཁྲིག་ལྔ་ཙམ་གྱི་ཁྲོམ་རའི་བག་ཤུགས་ལྡན། འགན་བཅོལ་རམ་འདེགས་ཡོ་ཆས་བོགས་གཏོང་ཁྲོམ་རའི་གཞི་ཁྱོན་ཁྲག་ཁྲིག་གཉིས་ལ་སླེབས་རྒྱུའི་རེ་བ་ཡོད། 2030ལོར་སླེབས་དུས། རང་རྒྱལ་གྱི་སྐྲ་དཀར་དཔལ་འབྱོར་གྱི་ཁྲོམ་རའི་གཞི་ཁྱོན་སྒོར་རབ་བཀྲམ་གཉིས་ཁྲག་ཆེན་ལྔ་ལ་སླེབས་སྲིད་པ་དང་། ད་ལོའི་ཟླ་དང་པོ་དང་གཉིས་པར། རྒན་གསོ་དང་འབྲེལ་བའི་ཚོང་གཉེར་བྱེད་པོ་ཁྲི་གཅིག་ལྷག་ཇེ་མང་དུ་འགྲོ་ཐུབ།
སྐྲ་དཀར་རིགས་དུང་ཕྱུར་གསུམ་ལྷག་ལ་དམིགས་ནས། ལས་ཞུགས་ཐད་ནས་ཡང་བར་མཐོངས་གསར་པ་བསུས། མ་འོངས་པའི་ལོ་ལྔའི་ནང་། རྒན་གསོ་ནད་སྐྱོང་བ་ཁོ་ན་ས་ཡ་ལྔ་ལྷག་དགོས། པེ་ཅིང་གི་རྒན་གསོའི་ལྟ་སྐྱོང་ཆེད་ལས་ཀྱི་གསོ་སྦྱོང་འཛིན་གྲྭའི་ནང་རྒྱུན་དུ་མི་བཀང་འདུག་པ་དང་། སློབ་སྦྱོང་བྱེད་མཁན་མང་ཆེ་བ་གོ་རབས་པ་དང་ཐིག་རབས་པའི་རྗེས་ཀྱི་ན་གཞོན་ཡིན་པ་རེད།
རང་རྒྱལ་དུ་གསར་དུ་བསྣན་པའི་ལས་རིགས་གསར་པ་དང་ལས་ཀ་གསར་པ་སྐོར་ཁག་བདུན་པའི་ནང་། ལས་གནས20ལྷག་རྒན་པའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་དང་། རྒན་གསོར་དམིགས་པའི་ལས་རིགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་སྟོན་གྲངས་གཙོ་བོ་ཁག་ཉི་ཤུའི་ནང་། དམངས་འཚོའི་བདེ་སྐྱིད་རིགས་ཀྱི་སྟོན་གྲངས་ཀྱིས7ཟིན་པ་དང་། མིའི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་དམིགས་པ་དང་། དམངས་འཚོ་འགན་སྲུང་དེ“ཡོད་པ”ནས་རྒྱུན་ཆད་མེད་པར་“ལེགས་བསྒྱུར”འབྱུང་ངེས། ལོ་གསུམ་མན་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད6%ཇེ་མཐོར་སོང་བ་དང་། བྱིས་པ་ས་ཡ་འགའ་ལ་སྔར་ལས་ལྷག་པའི་ཆེད་ལས་ཀྱི་ལྟ་སྐྱོང་ཐོབ་ཡོད། མཐོ་རིམ་སློབ་འབྲིང་རྩེ་གྲ1000གིས་བྱིས་པ་ཚོར་དེ་བས་སྤུས་ལེགས་དང་དོ་སྙོམས་ཀྱི་སློབ་གསོའི་འགན་སྲུང་ཡོད་པ་དང་། ཞིབ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ1000གིས་མང་ཚོགས་ཀྱིས་ནད་བཅོས་བྱེད་པར་སྔར་བས་སྟབས་བདེ་བསྐྲུན། བདེ་འཇགས་དང་། ལྗང་མདོག རིག་ལྡན་བཅས་ཀྱི་ཁང་པ་ལེགས་པོ་དེ་བློ་བདེའི་ཁྱིམ་སྐྱིད་ཀྱི་དྲོད་ཁང་ཞིག་ཏུ་འགྱུར་ངེས། མ་འོངས་པའི་ལོ་ལྔའི་ནང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་སྐོང་ཐུབ།