ཟླ4པའི་ཚེས1ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་མཇུག་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་དང་ལིའུ་ཐུང་ཏི། ལོའུ་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲིན་ཡུང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་སྡོམ་མི53གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། དབྱང་ཧྥིན་ཁྲོན་གྱིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་ཆེད་ཁེའི་སྐུལ་འདེད་དང་སྲུང་སྐྱོབ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་སྲིད་དོན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག》། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་སྲོལ་ཡིག》ལ་ཆོག་མཆད་འགོད་པའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མེན་ཧི་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི<མེན་ཧི་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་སྲོལ་ཡིག>མེད་པར་གཏོང་བའི་སྐོར་གྱི་གྲོས་ཆོད》ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི<རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ལས་དོ་དམ་སྲོལ་ཡིག>མེད་པར་གཏོང་བའི་སྐོར་གྱི་གྲོས་ཆོད》ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི<ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག>མེད་པར་གཏོང་བའི་སྐོར་གྱི་གྲོས་ཆོད》ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མེན་ཡོན་ཧའེ་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི<མུན་ཡོན་ཧའེ་རིགས་རང་སྐྱོང་རྫོང་ནགས་ཚལ་སྲུང་སྐྱོབ་དང་དོ་དམ་སྲོལ་ཡིག>མེད་པར་གཏོང་བའི་སྐོར་གྱི་གྲོས་ཆོད》ལ་ཆོག་མཆན་འགོད་པའི་གྲོས་ཆོད། 《ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སྐབས་བརྗེའི་འདེམ་བསྐོའི་དུས་ཚོད་སྐོར་གྱི་གྲོས་ཆོད》 《མཚོ་སྔོན་ཞིང་ཆེན་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཐོབ་སྐལ་སྐོར་གྱི་གྲོས་ཆོད》《མཚོ་སྔོན་ཞིང་ཆེན་རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཐོབ་སྐལ་སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་མཐུན་བྱུང་།
གྲོས་ཚོགས་ལས་འབྲེལ་ཡོད་མི་དོན་སྐོར་གྱི་དོན་ཚན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་གསར་ཏུ་བསྐོས་པའི་ལས་སྒྲུབ་མི་སྣར་བསྐོ་བཞག་ཡི་གེ་བྱིན།
གྲོས་ཚོགས་སྟེང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།
ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲང་ཙི་ཅོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིང་དཔྱོད་ཁང་གི་འགན་ཁུར་བ་སོགས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་གྲོལ་རྗེས། གནས་དེ་རུ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བཞི་བ་སྤེལ་ཏེ། ཁྲིམས་ལྟར་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པའི་དམངས་ཆེན་སྐབས་བརྗེའི་འདེམ་བསྐོ་བྱ་བའི་འབྲེལ་ཡོད་ནང་དོན་ལ་ཆེད་དོན་འཆད་ཁྲིད་བྱས།