ཟླ3པའི་ཚེས31ཉིན་གྱི་ཕྱི་དྲོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་སྐོར་ཐེངས་དྲུག་པ་ཟི་ལིང་དུ་འཚོགས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རོགས་སྐྱོར་མཉམ་ལས་ཡག་པོ་བྱ་རྒྱུར་དམ་པོར་དམིགས་ཏེ། ལས་ཀའི་ཕན་འབྲས་སྐོར་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། བསམ་འཆར་དང་གྲོས་འགོར་ཉན་པ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གང་ལེགས་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས།
ཚོགས་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་འཐུས་མི་ཀའོ་ཆང་དང་ཏའེ་མིན་ཅེ། ཐེན་ཀྲེ། ལི་ཞའོ་ཧུའེ། ཁྲེན་ཡུང་ཧྲེང་། མ་ལི་བཅས་ཀྱིས་སོ་སོར་གཏམ་བཤད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་གཞན་དག་གིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ནན་ཏན་ངང་ཉན་པ་དང་། སྐབས་དང་སྐབས་སུ་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཐོ་སྒང་གི་ས་གཞི་ཆེན་མོར་བཅངས་པའི་བརྩེ་སེམས་ཟབ་མོ་ལ་ཚད་མཐོའི་བསྔགས་བརྗོད་བྱས་ནས། ཚང་མས་མཚོ་སྔོན་རོགས་སྐྱོར་གྱི་རྒྱུག་མཐུད་དབྱུག་པ་དང་དུ་བླངས་ཏེ། དཀའ་སྤྱད་འབད་བརྩོན་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།
ཝུའུ་ཞའོ་ཅུན་གྱིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་འབད་པས་བསྐྱོད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར། མཚོ་སྔོན་ལ་ཁ་གཏད་པའི་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་གྱི་འདེགས་སྐྱོར་གལ་ཆེན་ཅིས་ཀྱང་མཁོ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་དང་ལས་འགན་གཏན་འཁེལ་གསལ་བོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་བཅས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་རྒྱུན་ཆད་མེད་པར་ཞིབ་འཇུག་དང་ཐག་གཅོད་བྱེད་པ་དང་། “དགོས་མཁོ”དང“ནུས་པ”གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ། “སྟོབས་སྣོན་པ”དང“སྟོབས་སྐྲུན་པས”མཐུན་སྦྱོར་ངང་ཤུགས་འདོན་པ། “སྲིད་གཞུང་”དང“ཚོང་ར”གཉིས་ཀྱི་སྐུལ་འདེད་ལ་ཤུགས་སྣོན་པ། “རོགས་སྐྱོར”དང“མཉམ་ལས”ཕྱོགས་གཉིས་ཀར་ཤུགས་སྣོན་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་ལས་གཞི་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། རོགས་སྐྱོར་བྱ་ཡུལ་གྱིས་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བ། ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་འཆར་གཞི་མངོན་འགྱུར་ཡོང་བར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་རྣམས་ལ“བླ་ཤིང”དང་འདྲ་བར་མཐོ་སྒང་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྣམ་པར་རྒྱས་ནས་འབྲས་བུ་སྨིན་པར་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་དངོས་མང་ཙམ་བསྒྲུབས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལྗོན་པ་དེ་མཐོ་སྒང་གི་གཞི་ནས་གྲུབ་འབྲས་གཡུར་དུ་ཟ་བ་གང་མང་ཐོབ་པར་བྱས་ཏེ། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁོང་ལ་འཇོག་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་སྟེགས་བུ་ཡག་པོ་བསྐྲུན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྒྱ་ཆེའི་ལས་བྱེད་པ་དང་འཇོན་མིས་མཚོ་སྔོན་ནས་བྱ་བ་བསྒྲུབས་ཏེ། མྱོང་སྣང་ཟབ་པ་དང་སྦྱོང་བརྡར་ཡོད་པ། གྲུབ་འབྲས་ཐོབ་པ་བཅས་ཡོང་བར་འབད་དགོས་པའི་སྐུལ་མ་བཏང་།
ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་ཐེངས་དྲུག་པས་ཁྱོན་ཡོངས་ནས་ཤུགས་འདོན་དགོས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིས་སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་དེ་ལག་བསྟར་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཅུག་ནས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ལངས་གནས་སྔར་ལས་མཐོ་བ་དང་གཟིགས་རྒྱང་སྔར་ལས་རིང་བ། བྱེད་ཤུགས་སྔར་ལས་རྫོགས་པ་བཅས་ཀྱི་སྒོ་ནས་ལས་དོན་སོ་སོར་སྐུལ་འདེད་གཏོང་རྒྱུ་དེ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དམིགས་འབེན་དང་ལས་འགན་དང་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཐད་ནས་ཡིད་ཆེས་གང་ལེགས་བྱེད་པ་དང་ལས་ཀའི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། འཚོ་བའི་ཐད་ནས་སྤྲོ་སེམས་ཆེན་པོའི་ངང་ནས་སེམས་ཁུར་བྱེད་པ། བདེ་ཐང་གི་ཐད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐྱོད་ལམ་གསར་པའི་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་འབུངས་གང་ལེགས་བྱེད་དགོས།
ཀྲང་ཅིན་ཀང་དང་ཚེ་རིང་ཐར། པད་གོ ཀྲུའུ་ཞང་ཧྥེང་། ཚའོ་ཅུན། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས།