གཟའ་འཁོར་རྗེས་མའི་ལས་ཚོགས་དུས་ཚོད་ལ་འགྱུར་བ་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཁྱབ་སྒྲོག་བྱས་པའི2026ལོའི་གུང་གསེང་ཁག་ཅིག་བཀོད་སྒྲིག་བྱས་བའི་བརྡ་ཐོ་གཞིར་བཟུང་། དྭངས་གསལ་དུས་ཆེན་གྱི་གུང་གསེང་དེ་ཟླ4པའི་ཚེས4ཉིན(གཟའ་སྤེན་པ)ནས་ཟླ4པའི་ཚེས6ཉིན(གཟའ་ཟླ་བ)བར་ཏེ་ཁྱོན་ཉིན་གསུམ་ལ་གཏང་རྒྱུ་རེད།

གཞན་ཡང་། དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་འདུག་སྟེགས7མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རིགས་ལ་མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་བསྡུ་མིན་ཏེ། དུས་ཚོད་ནི་ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད0ནས་ཟླ4པའི་ཚེས6ཉིན་གྱི་ཆུ་ཚོད24བར་ཏེ་ཁྱོན་ཉིན3རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།