གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2026ལོའི་དུར་མཆོད་དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་རིན་བསྡུའི་གཞུང་ལམ་ཚང་མར་འགྲུལ་འཁོར་ཆུང་གྲས་རིན་ཡོན་མི་དགོས་པར་བསྐྱོད་པའི་སྲིད་ཇུས་ལག་བསྟར་བྱས་ནས་མང་ཚོགས་མཆོད་འབུལ་དང་སྤྲོ་གསེང་ལ་བསྐྱོད་པར་སྟབས་བདེ་བསྐྲུན་རྒྱུ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། རིན་ཡོན་མི་དགོས་པའི་དུས་མཚམས་ནི་ཟླ4པའི་ཚེས4ཉིན་གྱི་ནམ་གུང་གི་ཆུ་ཚོད12ནས་ཟླ4པའི་ཚེས6ཉིན་གྱི་ནམ་གུང་གི་ཆུ་ཚོད24པའི་བར་ཡིན་པ་དང་། དེའི་ནང་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་གནམ་གྲུ་ཐང་ལ་བསྐྱོད་པའི་མྱུར་བགྲོད་གཞུང་ལམ། རིན་བསྡུའི་ཟམ་པ་དང་ཕུག་ལམ་བཅས་ཚུད་ཡོད། ཟླ4པའི་ཚེས7ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིན་བསྡུའི་གཞུང་ལམ་ཐོག་རྒྱུན་ལྡན་གྱི་རིན་བསྡུ་སླར་གསོ་བྱ་རྒྱུ་རེད། རིན་ཡོན་མི་དགོས་པའི་རླངས་འཁོར་རིགས་ཀྱི་ཁྱབ་ཁོངས་ནི་འདུག་སྟེགས7ཅན་མན་ཆད(འདུག་སྟེགས7ཚུད་པ)ཀྱི་འགྲུལ་སྐྱེལ་འཁོར་རིགས་དང་། དེ་བཞིན་སྤྱིར་བཏང་རིན་བསྡུའི་གཞུང་ལམ་ཐོག་བསྐྱོད་པའི་འཕྲུལ་རྟ་ཡོད། འདུག་སྟེགས8ཅན་དང་དེའི་ཡན་ཆད་ཀྱི་འགྲུལ་འཁོར་དང་ཟོང་འཁོར་སོགས་ཀྱིས་སྔར་བཞིན་གཏན་འབེབས་ལྟར་ཤར་བགྲོད་རིན་དངུལ་སྤྲོད་དགོས། རིན་བསྡུའི་སྒྲིག་སྲོལ་ནི་སྤྱིར་བཏང་གི་རིན་བསྡུའི་གཞུང་ལམ་དེ་རླངས་འཁོར་རིན་བསྡུའི་ས་ཚིགས་བརྒྱུད་པའི་རིན་བསྡུའི་འཁོར་ལམ་དུས་ཚོད་ཚད་གཞིར་འཛིན་རྒྱུ་དང་། མྱུར་བགྲོད་གཞུང་ལམ་ནི་རླངས་འཁོར་ཐོན་སྒོའི་རིན་བསྡུའི་འཁོར་ལམ་ནས་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་རྒྱུ་རེད། རླངས་འཁོར་བདག་པོས་ལུགས་མཐུན་ངང་འགྲུལ་བཞུད་འཆར་འགོད་བྱེད་པ་དང་རིན་ཡོན་མི་དགོས་པའི་དུས་མཚམས་མཇུག་སྒྲིལ་ཉེར་ཡོད་དུས་ཐག་ཉེ་ས་རུ་མྱུར་བགྲོད་གཞུང་ལམ་ནས་བྲལ་ཏེ་བརྒྱུད་ལམ་ཧྲིལ་པོར་རིན་དངུལ་མི་ལེན་པར་བྱས་ཆོག
དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་ནི་དཔྱིད་ཀར་སླེབས་པའི་དུས་ལ་འཁེལ་ཡོད་པས་ཞིང་ཆེན་ནང་ཁུལ་གྱི་ལམ་ཐག་ཐུང་བའི་སྒེར་འཁོར་བསྐོར་བ་དང་ཕ་ཡུལ་དུ་ལོག་ནས་མཆོད་འབུལ་བྱེད་པའི་རླངས་འཁོར་ཇེ་མང་དུ་འགྲོ་སྲིད་པས། འགྲིམ་འགྲུལ་སྡེ་ཁག་གིས་ལམ་ལ་མ་ཆས་གོང་ལམ་གྱི་གནས་ཚུལ་དང་གནམ་གཤིས་ལ་དོ་སྣང་བྱས་ཏེ་ཚུལ་ལྡན་གྱིས་རླངས་འཁོར་བསྐོར་བ་དང་འཚང་གཡོལ་འགྲོ་འོང་བྱས་ནས་བདེ་འཇགས་ཤར་བགྲོད་ལ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས།