མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས2026ལོའི་ནགས་རྩྭའི་ལས་གཞིར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ལོ་རེའི་དངུལ་གཏོང་དང་འཛུགས་སྐྲུན་ལས་འགན་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད།   ཟླ3པའི་ཚེས30ཉིན།   ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས2026ལོའི་ནགས་རྩྭའི་ལས་གཞི་འགོ་རྩོམ་པ་དང་སླར་གསོའི་ཐད་ཀྱི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱས་པ་དང་།   བཟོ་སྐྲུན་གཙོ་བོར་དམིགས་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་བཏང་བ་དང་འགན་འཁྲིའི་ལམ་ལུགས་ཇེ་ཞིབ་ཏུ་བཏང་ནས་སྟོབས་ཤུགས་ཡོད་རྒུས་ལས་གཞི་གཙོ་བོ་འགོ་རྩོམ་པ་དང་སླར་གསོ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།     

མགྱོགས་མྱུར་སྒོས་ལས་གཞི་འགོ་རྩོམ་པ་དང་སླར་གསོ་བྱ་བར་སྐུལ་འདེད་བཏང་ནས།  2026ལོའི་ནགས་རྩྭའི་ལས་གཞི་གཙོ་བོ་འགོ་རྩོམ་པ་དང་སླར་གསོ་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་གཏན་འབེབས་བྱས་ནས་པར་འགྲེམ་བྱས་པ་དང་།    སྟོབས་ཤུགས་ཡོད་རྒུས་ཨ་མྱེས་རྨ་ཆེན་རི་རྒྱུད་དང་གུང་ཧོ་གཞོང་ས།   ཚྭ་འདམ་གཞོང་ས་སོགས་བྱང་གསུམ་བཟོ་སྐྲུན་ལས་གཞི་འགོ་རྩོམ་སླར་གསོ་བྱ་བར་སྐུལ་འདེད་བཏང་བར་མ་ཟད།   ལོ་ཧྲིལ་བོར་རྒྱལ་ཁོངས་ལྗང་སྒྱུར་མུའུ་ས་ཡ་བཞི་དང་འབུམ་ལྔ་ཡོངས་འགྲུབ་བྱས་ནས་མུའུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་ལ་བྱེ་འགོག་བྱེ་བཅོས་བྱེད་རྒྱུའི་འཆར་གཞི་ཡོད།

ལས་གཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་ཆེད།    ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ནགས་རྩྭ་སྡེ་ཁག་གིས་མ་དངུལ་དང་ས་ཞིང་།   ཆུ་གློག   བདེ་འཇགས་སོགས་རྒྱུ་རྐྱེན་གཙོ་བོ་དོན་འཁྱོལ་བྱེད་པར་མཐུན་སྦྱོར་བཟང་བོ་བྱས་པ་དང་།    བྱ་བའི་ཆེད་དོན་ཚན་ཆུང་བཙུགས་ཤིང་འགན་འཁྲི་ཇེ་ཞིབ་ཏུ་བཏང་ནས་ལས་གཞི་སྔ་མོ་ནས་འགོ་རྩོམ་པ་དང་སྔ་མོ་ནས་ལེགས་འགྲུབ་འབྱུང་བ།  སྔ་མོ་ནས་ཕན་འབྲས་ཐོབ་པ་བཅས་ལ་འགན་སྲུང་བྱས།     དེ་དང་མཉམ་དུ།    ལས་གཞིའི་ཁྲིམས་མིའི་འགན་འཁྲིའི་ལམ་ལུགས་དང་དམིགས་འགུག་དམིགས་འཇོག་ལམ་ལུགས།  བཟོ་སྐྲུན་གྱི་ལྟ་སྐུལ་ལམ་ལུགས། གན་རྒྱའི་དོ་དམ་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱས་ནས་བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ལ་འགན་སྲུང་བྱས།  དེའི་རྨང་གཞིའི་སྟེང་།   སྐུལ་འདེད་བཞི་དང་ཞིབ་བཤེར་བརྒྱད་ཀྱི་བྱ་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བཀོད་གཏོང་ལྟ་སྐུལ་ལ་ཤུགས་བསྣན་ནས་ལས་གཞིའི་འཕེལ་རིམ་དང་མ་དངུལ་གཏོང་བ།  གཞི་གྲངས་བསྡུ་ལེན་གཅིག་གྱུར་སོགས་བྱ་བ་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་པར་འགན་སྲུང་བྱས།

མིག་སྔའི་ལས་གཞིའི་འཛུགས་སྐྲུན་དམ་འཛིན་བཟང་བོ་བྱེད་པའི་ཞོར་དུ།    ལས་གཞིའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་།   རྒྱལ་ཁབ་ཀྱི་འཆར་འགོད་གལ་ཆེན་དང་མཚོ་སྔོན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས2027ལོའི་ལས་གཞིར་སྔ་མོ་ནས་འཆར་འགོད་བྱས་ཤིང་།    ལས་འགན་ལེགས་སྒྲིག་བཟང་བོ་དང་རྗེས་མཐུད་ཀྱི་ལས་གཞིར་གནད་ཕིགས་འཆར་འགོད་བྱས་ལ།   ལས་གཞི་ཡིག་ཐོག་སྙན་ཞུའི་དོ་དམ་གོ་རིམ་ལག་བསྟར་ནན་མོ་བྱས་པར་མ་ཟད། ནགས་རྩྭའི་ལས་གཞིའི་ཆེད་མཁས་པའི་བློ་འདྲིའི་མཛོད་འཐུས་ཚང་དུ་བཏང་བ་དང་།   སྤུས་ལེགས་ཀྱི་བར་སྦྲེལ་སྡེ་ཁག་བདམས་ནས་རིག་མཛོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དུ་བཅུག་སྟེ་ལས་གཞིའི་བཀོད་སྒྲིག་ཚན་རིག་དང་མཐུན་ཞིང་ལག་བསྟར་བྱེད་ཆོག་པར་འགན་སྲུང་བྱས་པར་མ་ཟད།    ཆེད་མཁས་པའི་རིག་མཛོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལས་གཞི་འཆར་འགོད་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས་སྐོར་ཞིག་ལ་འཆར་འགོད་བྱེད་པ་དང་སྐོར་ཞིག་ལ་གྲ་སྒྲིག་བྱེད་པ།  སྐོར་ཞིག་འཛུགས་སྐྲུན་བྱེད་པའི་འཁོར་སྐྱོད་བཟང་བོ་གྲུབ་པར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།