ཟླ3པའི་ཚེས24ཉིན། གསར་འགོད་པ་ཧྲང་ཧེ་གྲོང་ཁྱེར་ཧོང་ཁའོ་ཁུལ་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་2026ལོའི་རྐང་གྲུག་མཐུན་ཚོགསEརིམ་པའི་རྐང་གྲུག་རྩལ་ཁྲིད་མཁན་གྱི(ཐེངས་གཉིས་པ)རྨ་ཆེན་རྫོང་གི་གནས་འཁེལ་གསབ་སྦྱོང་འཛིན་གྲྭར་བཅར་འདྲིར་སོང་བ་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོ་ནས་ཡོང་བའི་གཞི་རིམ་གྱི་རྩལ་སྦྱོང་དགེ་རྒན་དང་རྐང་གྲུག་ལ་སྤྲོ་བ་ཡོད་པའི་མི29གནས་དེར་ལྷན་དུ་འཛོམས་ནས་ཆེད་ལས་ཅན་གྱི་སློབ་སྦྱོང་བྱེད་བཞིན་འདུག བྱ་འགུལ་དེ་འདྲ་ཞིག་སྤེལ་བ་ལས་གཞི་རིམ་དུ་རྩ་བ་ཚུགས་པ་དང་། སྡོད་ཚུགས་པ། བཀོལ་ཆོག་པའི་རང་ས་གནས་ཀྱི་རྩལ་ཁྲིད་པའི་དགེ་རྒན་གྱི་དཔུང་སྡེའི་རྨང་གཞི་སྲ་བརྟན་དུ་བཏང་།
ཧྲང་ཧའེ་དང་མཚོ་སྔོན་མཐུན་ཚོགས་ཀྱིས་ལུས་རྩལ་ཁྱབ་ཁོངས་ཕྱོགས་ཀྱི་མཉམ་འབྲེལ་དངོས་སུ་བཙུགས་པ་དང་། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་ནི་ཧྲང་ཧའེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣའི་འབྲེལ་གཏུག་ཚོ་ཆུང་གི་མཛུབ་སྟོན་དང་། གུང་གཞོན་ཚོགས་པ་དང་མགོ་ལོག་ཁུལ་ཨུ་ཡིས་གཙོ་སྒྲུབ་བྱས་ཏེ། རྨ་ཆེན་རྫོང་རྐང་གྲུག་མཐུན་ཚོགས་དང་མགོ་ལོག་ཁུལ་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱིས་མཉམ་དུ་སྒྲུབ་པ་རེད། འཆད་འཁྲིད་དགེ་རྒན་གྱི་དཔུང་སྡེ་ཡང་ཀྲུང་གོ་རྐང་གྲུག་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་གྱི་རྐང་གྲུག་མཐུན་ཚོགས་ཀྱི་མཛུབ་སྟོན་འོག་དཔུང་ཤུགས་སྟོབས་ལྡན་ཞིག་ཆགས་ཡོད་པ་དང་། ཀྲུང་གོ་རྐང་གྲུག་མཐུན་ཚོགས་cརིམ་པའི་རྩལ་ཁྲིད་པ་དང་འཆད་ཁྲིད་མཁན། ཡ་གླིང་རྐང་གྲུག་མཐུན་ཚོགས་ཀྱི་Aརིམ་པའི་རྩལ་ཁྲིད་པ་ཀྲུའུ་བེད་ཅེད་འཆད་འཁྲིད་མཁན་གཙོ་བོར་བཞག་པ་དང་། ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་གྱི་དགེ་རྒན་དང་། ཡ་གླིང་རྐང་གྲུག་མཐུན་ཚོགསAརིམ་པའི་རྩལ་ཁྲིད་པ་མཱ་ཡན་ཧྥུན། མཚོ་སྔོན་ཞིང་ཆེན་རྐང་གྲུག་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་དང་ཡ་གླིང་རྐང་གྲུག་མཐུན་ཚོགསBརིམ་པའི་རྩལ་ཁྲིད་པ་བང་ཧའེ་ཐའོ་ཡིས་ལས་རོགས་འཆད་ཁྲིད་ཀྱི་འགན་འཁུར།
མཱ་ཡན་ཧྥུན་གྱིས་བཤད་རྒྱུར། ཐེངས་འདིའི་གསབ་སྦྱོང་གིས་གཟབ་ནན་གྱི་སྒོ་ནས་ཀྲུང་གོ་རྐང་གྲུག་མཐུན་ཚོགས་ཀྱིEརིམ་པའི་རྩལ་ཁྲིད་པའི་རྩ་གནད་ཀྱི་སློབ་ཁྲིད་གཏན་འཁེལ་བྱས་པ་དང་། ཧྲང་ཧའེ་ཡི་འཐུས་ཚང་ཅན་གྱི་སྦྱོང་བརྡར་འདུ་ཤེས་དང་མགོ་ལོག་གི་དངོས་ཡོད་གནས་ཚུལ་དང་སྦྲེལ་ནས། ནང་དོན་ཐད་རྐང་གྲུག་གི་སྒྲིག་སྲོལ་དང་། ན་ཆུང་གཞོན་ནུའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། འགུལ་སྐྱོད་སྐབས་ཀྱི་བདེ་འཇགས་དང་སྲུང་སྐྱོབ། སྦྱོང་བརྡར་དངོས་ཀྱི་འཆར་འགོད་སོགས་རྩ་བའི་ནང་དོན་འདུས་ཡོད།
གསབ་སྦྱོང་གི་འགན་སྒྲུབ་གནས་ཡིན་པའི་ཆ་ནས། མགོ་ལོག་ཁུལ་གྱི་ན་ཆུང་གཞོན་ནུའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རེན་ཅོན་ན་མཚོ་ཡིས་གསར་འགོད་པར་བཤད་རྒྱུར། མིག་སྔར། གཙོ་བོ་ནི་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ལྟར། མཉམ་དུ་སྐེ་དཀྲིས་དམར་པོའི་རྐང་གྲུག་སློབ་གྲྭའི་ར་བ་གསར་བསྒྱུར་རིམ་སྤོ་དང་། སྒྲིག་ཆས་ཉོ་ཚོང་གི་ལས་ཀ་སོགས་དུས་མཉམ་དུ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ལོ་ཚོདu11-u13བར་གྱི་རྐང་གྲུག་རྩེ་བའི་དཔུང་ཁག་འཛུགས་རྒྱུ། ཐེངས་འདིའི་གསབ་སྦྱོང་ནི་མི་སྣ་དཔེ་ལེགས་ཅན་མང་པོ་ནི་སྐེ་དཀྲིས་དམར་པོའི་རྐང་གྲུག་སློབ་གྲྭའི་རྐང་འཛིན་པ་རུ་འགྱུར་ངེས།
དར་ལག་རྫོང་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚོགས་གཙོ་དཔལ་བཟང་ནི་སྦྱོང་བརྡར་ལ་ཞུགས་མཁན་སློབ་མའི་ཁྲོད་ཀྱི་གཅིག་རེད། ཁོས་བསམ་ན་ད་ཐེངས་ཀྱི་གསོ་སྦྱོང་དེ་གཞི་རིམ་གྱི་རྐང་རྩེད་སྤོ་ལོའི་ལས་དོན་པའི་ངོས་ནས་བརྗོད་ན“དུས་ཐོག་ཆར་བ”ལྟ་བུ་ཞིག་ཡིན་པས་རྗེས་ཕྱོགས་ཆེད་ལས་ཀྱི་བྱ་ཐབས་སྤྱད་དེ་རྐང་རྩེད་སྤོ་ལོ་རྩེ་རྒྱུར་དགའ་བའི་བྱིས་པ་ཚང་མར་སློབ་ཁྲིད་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་བཀྲ་དོན་གྱིས་མགོ་ལོག་གིས་ས་མཐོའི་དོན་དངོས་ལ་གཞི་ཚུགས་ཏེ་ཧྲང་ཧའེ་གཞོན་ནུ་མཐུན་ཚོགས་དེ་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་རྩལ་ཁྲིད་པ་གསོ་སྐྱོང་བྱ་རྒྱུ་དེ་རྐང་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་སྒྲོལ་སར་བརྩི་དགོས་བར་བསམ། ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད་དཔུང་ཁག་གི་ཞན་ཆ་ཁ་གསབ་བྱས་ཏེ་གཞོན་ནུའི་གསོ་སྦྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཕན།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལག་ལེན་སྦྱོང་བརྡར། དཔྱད་ཞིབ་རྒྱུགས་བཤེར་དཔྱད་འཇོག་བཅས་དཔེ་གཞི་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད།མཇུག་རྫོགས་རྗེས་རྒྱུགས་བཤེར་ཚད་ལོན་གྱི་སློབ་མར་མཚོ་སྔོན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི E རིམ་པའི་རྩལ་ཁྲིད་པའི་ཐོབ་ཐང་སྟེར་རྒྱུ་རེད།